༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་སླད་རྗེ་ཚེ་འཛིན་མའི་སྐུ་བརྙན་ ༡༣༥ འདེགས་འབུལ་ཞུས་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༤ ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨོ་སི་ཊི་ལི་ཡར་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུས་གནང་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་ལྟར། བསྟན་འགྲོའི་དོན་དུ་དགུང་གྲངས་ ༡༣༠ ལྷག་བར་སྐུ་འཚོ་གཞེས་མཛད་རྒྱུའི་རྟེན་འབྲེལ་དུ། རྗེ་ཚེ་འཛིན་མའི་སྐུ་བརྙན་ ༡༣༥ འདེགས་འབུལ་ཞུས་གནང་འདུག་ལ། ཆོས་ཚོགས་དེའི་ཁྱབ་ཁོངས་ནས་འབྲེལ་ཡོད་ ༡༦༥ ལྷག་དང་ལྷན་དུ། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། འབྲུག རྒྱ་གར་སོགས་ནས་ཕེབས་པའི་དད་ལྡན་ཁྱོན་ ༢༠༠ བརྒལ་བར་མཇལ་ཁ་སྩལ་གནང་མཛད་སོང་། །





