གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོདགཏན་འབེབས།

3 hours ago

རྒྱ་གཞུང་གི་དྲག་གནོན་འོག་བོད་རང་དབང་འཐབ་རྩོད་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་བོད་མི་སྤྱི་དང་། ཁྱད་པར་དུ་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རང་ལུས་མེར་བསྲེགས་གནང་མཁན་བློ་དགའ་རང་བཙན་ལགས་བཅས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད། ༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། བོད་ཀྱི་རིག་གཞུང་རྩ་གཏོར་དུ་གཏོང་བའི་ མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འཕྲལ་དུ་མཚམས་འཇོག་དགོས་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་མིའི་ཚེ་སྲོག་སྐྱོབ་ཕྱིར་དྲང་བདེན་གྱི་འགན་འཁུར་བཞེས་དགོས་པའི་འབོད་སྐུལ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་དྲུག་ཡོད་པ་ཞིག དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་ ༢ ལས་ཉིན་ལྔ་པའི་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་རེད། །
Watch on YouTube