བོད་དོན་ལས་འགུལ་བ་གྲགས་ཅན་འབུམ་རམས་པ་རྒྱལ་ལོ་ལགས་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ལས་འགུལ།
རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་རྒྱལ་སྤྱིའི་ཐོག་གསལ་འདོན་གནང་མཁན་ཁེ་ན་ཌར་གནས་བཞུགས་བོད་དོན་ལས་འགུལ་བ་འབུམ་རམས་པ་རྒྱལ་ལོ་ལགས་ལ་རྫུན་བཟོའི་ཁྲིམས་གཏུགས་བརྒྱབ་སྟེ་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲོད་བཞིན་པར་བརྟེན། བོད་དོན་ལས་འགུལ་བསྟི་གནས་ཁང་ (Tibet Action Institute) གིས་ཁེ་ན་ཌའི་སྲིད་བློན་མཱག་ཁར་ནི་མཆོག་ལ་ཁོང་ལ་སྲུང་སྐྱོབ་དགོས་པ་དང་། རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་གྱི་མཚན་རྟགས་བསྡུ་རུབ་ལས་འགུལ་ཞིག་སྤེལ་བཞིན་འདུག་ཅིང་། ལས་འགུལ་འདིའི་དམིགས་ཚད་མི་གྲངས་ ༡༠,༠༠༠ ལོངས་པར་ད་ལྟ་མི་གྲངས་ ༧,༦༠༠ ཙམ་གྱིས་མཉམ་ཞུགས་གནང་ཟིན་པས་རྒྱ་ཆེའི་མང་ཚོགས་རྣམས་ནས་མུ་མཐུད་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་འདུག །





