བོད་ཕྱི་ནང་གཉིས་སུ་སྐད་ཡིག་ཉམས་ཉེན་ལ་གདོང་ལེན་དུ་བཙུགས་པའི་བོད་ཀྱི་སྐད་ཡིག་ཁང་།

1 week ago

བོད་ནང་ཁྲིམས་ཐོག་ནས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་གོ་ཡུལ་མེད་པས་བོད་པའི་སྐད་ཡིག་རྩ་བརླག་ཏུ་འགྲོ་ཉེན་ཡོད་པ་དང་། བཙན་བྱོལ་ནང་བོད་པའི་ཁྱིམ་བདག་དང་ཕྲུ་གུ་མང་ཆེ་བས་རང་ཉིད་ཀྱི་འཚོ་བའི་དགོས་མཁོར་དཔགས་པའི་ཤེས་ཡོན་གཞན་སྦྱོང་བ་ལས། རང་ངོས་ནས་ཁུར་བླངས་ཏེ་བོད་པའི་སྐད་ཡིག་དང་རིག་གནས་ལ་རིག་གཅིག་རྐང་འཛིན་ནམ་རྒྱུན་འཛིན་བྱེད་མཁན་དཀོན་པ་སོགས་ཀྱི་གནས་སྟངས་ལ་གཞིགས་ཏེ། སློབ་ཕྲུག་ཚོའི་སེམས་རྒྱུད་ལ་སྒྲོམ་གཞིའམ་སྒྲིག་འཛུགས་ཤིག་གི་འོག་ནས་བོད་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་བཅས་པར་བག་ཆགས་གཏིང་ཟབ་ཅིག་འཇོག་ཐབས་སུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྐང་འགན་བཞེས་ཏེ་བོད་པའི་གཞི་རིམ་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་ཁང་། ཞེས་པའི་ལས་གཞི་ གསར་འཛུགས་ཀྱིས་ ཕྱག་བསྟར་གནང་བཞིན་ཡོད་པ་རེད་འདུག །
Watch on YouTube