བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༡༡།༡༣ | དབུས་སྐད་ལས་རིམ།

1 week ago

༡) བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་གཞུང་འབྲེལ་འཚམས་གཟིགས་གནང་བ་། ༢) ཡུ་རོབ་རྒྱལ་ཁབ་བརྒྱད་ཀྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་གཞོན་སྐྱེས་རྣམས་སྦར་སིལ་ (Brussels) དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱི་ལོ་ ༢༠༢༦ བོད་མིའི་ནུས་སྟོབས་གོང་སྤེལ་གྱི་ཉིན་མོ་དང་འབྲེལ་ལས་རིམ་ནང་མཉམ་ཞུགས་གནང་འདུག། ༣) བོད་རིག་པ་བ་ཚོས་མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་སྐད་ཡིག་བདག་གཅེས་གནང་ཕྱོགས་གླེང་པ། ༤) བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གད་སྙིག་དང་ཆུའི་དཀའ་ངལ་ལ་གདོང་ལེན་གནང་ཐབས་གནང་གི་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་པ་། ༥) ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་བོད་ཀྱི་གློག་བརྙན་དུས་སྟོན་སྐབས་གློག་བརྙན་གྱི་ལམ་ནས་བོད་དོན་དང་གློག་བརྙན་གྱི་སྒྱུ་རྩལ་གླེང་ཡོད་པ་རེད། ༦) རིག་གནས་གསར་བརྗེའི་ལས་འགུལ་འདི་ཐོན་ནས་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པས། བོད་ནང་རྙིང་པ་བཞི་རྩ་གཏོར་གྱི་འབོད་ཚིག་ཁྲོད་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་འགོ་བཙུགས་ཡོད་པ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/36210647?utm_source=youtube
Watch on YouTube