མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ།

6 hours ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༤ ཉིན། མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་མགོན་པོ་གང་ཉིད་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུས་གནང་སོང་། བརྟན་བཞུགས་འདིའི་ཐོག་བཀའ་རྡོར་སྒང་གསུམ་དང་ཅམ་པ་ཁུལ་བཅས་ནས་དད་ལྡན་མི་གྲངས་ ༣༧༠ ཙམ་མཉམ་བཞུགས་གནང་འདུག་ལ། མང་ཆེ་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་དང་པོར་མཇལ་བས་དམིགས་བསལ་གྱི་དགའ་ཚོར་ཆེན་པོ་བྱུང་ཡོད་པ་གོ་སྒྲིག་ཚོགས་ཆུང་གིས་ངོ་སྤྲོད་གནང་བྱུང་།
Watch on YouTube