ཞབས་ལོ་ཉི་ཤུ་འཁོར་བའི་སྲི་ཞུ་བ་རྣམས་ལ་མཇལ་ཁ་དང་སྲོང་བཙན་སྐུ་བརྙན།

2 days ago

དབུས་བོད་མིའི་སྒྲི་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་འོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མགོན་པོ་མཆོག་གི་ཕྱག་ནས་ཞབས་ལོ་ཉི་ཤུ་ལོན་པའི་སྲིད་ཞུའི་ལས་བྱེད་བཅུ་བཞི་ལ་མཇལ་ཁ་དང་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་སྩལ་གནང་མཛད་འདུག ཡང་མཇལ་ཁ་གྲུབ་རྗེས་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་རྣམ་པས་ལོ་མང་རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་བ་དང་། མ་འོངས་པར་ཡང་སྤྱི་ཚོགས་ནང་མུ་མཐུད་ཞབས་འདེགས་ཞུ་འདོད་ཡོད་པ་གསུངས་པ་མ་ཟད། ད་ལྟའི་ལས་བྱེད་ཚོས་ཀྱང་ཕྱག་ལས་ཚགས་ཚུད་ཡག་པོ་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།།
Watch on YouTube