ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁག་ཅིག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ། རྒྱ་གར་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རྒྱུན་རིང་ཤོས་གནང་མྱོང་མཁན་དང་ད་ལྟ་ཀོང་རེ་སིའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་ Sonia Gandhi སཱོ་ནི་ཡ་གཱན་དྷི་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དཔར་ཕུད་ཞིག་ཕུལ་འདུག དེ་ཡང་ ANI བརྒྱུད་ལམ་གྱིས་ཁ་སང་ཕྱི་ཚེས་ ༡༦ ཉིན་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་ All India Congress Committee in-charge for Himachal Pradesh རྒྱ་གར་རྒྱལ་ཡོངས་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཧི་མ་ཅལ་མངའ་སྡེའི་འགན་འཛིན་ Rajni Patil ལགས་དང་། President of Himachal Pradesh Congress Committee ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ Vinay Kumar ལགས། དེ་བཞིན་ Chairman of the Himachal Pradesh Tourism Development Corporation and MLA from Nagrota Bagwan ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཧི་མ་ཅལ་ནཱག་རོ་ཊ་བཱག་ཝན་གྲོང་སྡེའི་མངའ་སྡེའི་གྲོས་ཚོགས་འཐུས་མི་གཅིག་ལྕོགས་ RS Bali […]
The post ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁག་ཅིག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག appeared first on vot.





