ཟླ་བ་འདིའི་ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་རྒྱ་ནག་གི་ཤན་ཊན་ (Shenzhen) གྲོང་ཁྱེར་ནང་ APEC འམ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་རྣམ་པའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཚོགས་ཀྱི་ཡོད་པ་དང་། དེ་ཡང་རྒྱ་ནག་གིས་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་འཁེལ་ཞིང་། ལྷག་པར་རྒྱ་ནག་དང་ཨ་རི་དབར་གྱི་འགྲན་རྩོད་དེ་མུ་མཐུད་དུ་གནས་ཡོད་པའི་དུས་ཚོས་ཞིག་ཀྱང་ཆགས་ཡོད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་ཚེས་ ༡༩ ཉིན་ཟུར་དུ་མཇལ་འཕྲད་གནང་རྒྱུའི་ལས་རིམ་དེ་ནི་རྒྱལ་སྤྱིའི་ངོས་ནས་དོ་སྣང་བྱེད་ས་ཞིག་ཆགས་ཡོད་ལ། དེ་མཚུངས་ཨ་རི་དང་། རྒྱ་ནག ར་ཤི་ཡ།བཅས་ཀྱི་འགོ་ཁྲིད་དབར་ཚོགས་འདུ་ཞིག་ཀྱང་འཚོགས་རྒྱུ་གཏན་ཁེལ་བྱུང་ཡོད་པ་རེད།
འདི་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁ...





