Celebrating Lhakar Through Language Preservation Among the Scattered Tibetan Community in Salugara

3 days ago

ལྷག་དཀར་སྲུང་བརྩིའི་བརྒྱུད་བོད་རིགས་བྱིས་པ་རྣམས་ལ་བོད་སྐད་སྦྱོང་བརྡར། Celebrating Lhakar Through Language Preservation Among the Scattered Tibetan Community in Salugara འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཉེ་ལམ་རྒྱ་གར་བྱང་ཤར་ཁུལ་གྱི་ཁ་ཐོར་གཞིས་ཆགས་ཁག་གཅིག་གི་ནང་དུ་ལས་རིམ་གཉེར་བའི་ཁྲོད། སཱ་ལུ་གཱ་རཱ་ནང་དུ་འབྱོར་སྐབས། ཁུལ་དེར་བོད་མི་ཉུང་ཤས་ལས་མེད་ཀྱང་ཕན་ཚུན་གཅིག་སྒྲིལ་གྱི་ནུས་པ་མཚོན་པའི་མཚོན་རྟགས་ཤིག་ནི་ལྷག་དཀར་སྲུང་བརྩི་དེ་ཆགས་ཡོད་སྟབས། དེ་འབྲེལ་ཆེད་སྒྲིག་གི་ལས་རིམ་ཞིག་རྒྱང་སྲིང་ཞུས་ཡོད། དེ་ཡང་ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་ཁུལ་དེར་ལྷག་དཀར་སྲུང་བརྩི་ཞུ་འགོ་ཚུགས་པ་དང་། ལྷག་པར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་ཆེད། ལྷག་དཀར་སྒོར་གཞས་ཀྱི་ལས་རིམ་ཁྲོད། བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་སྡིངས་ཆ་ཞིག་སྐྲུན་འདུག་ཅིང་། བོད་མི་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ནས་ཀྱང་མཉམ་ཞུགས་གནང་བཞིན་འདུག During our recent visit to Northeast India, we met members of the Tibetan community in Salugara, West Bengal, and witnessed their efforts to celebrate Lhakar (White Wednesday) through Tibetan language preservation programmes, traditional dance, and arts. Despite living scattered across different areas, the community remains committed to preserving its Tibetan identity and culture while fostering unity and solidarity, particularly in the wake of China's passage of the Ethnic Unity Law. Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube