CTA Launches Tibetan National Identity Preservation Week to Counter Beijing's Erasure Policy

2 hours ago

CTA Launches ‘Tibetan National Identity Preservation Week’ to Counter Beijing's Systematic Erasure of Tibetan Identity བོད་མིའི་སྒྲིག་འཛུགས་ཀྱིས་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་པའི་ལས་འགུལ་དབུ་འབྱེད་གནང་སོང་། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ Tibetan National Identity Preservation Week འམ་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་ད་ནས་བཟུང་ལོ་ལྟར་སྲུང་བརྩི་དགོས་པའི་ལས་འགུལ་དེ་ཉིད་དངོས་སུ་དབུ་འབྱེད་དང་འབྲེལ། བོད་མི་ཚང་མས་ལས་འགུལ་འདིར་ཐུགས་སྣང་གནང་བའི་ཐོག་དེའི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ནང་གསལ་གྱི་བྱེད་སྒོ་ཁག་ཁུར་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་ལ། ལྷག་པར་དུ་རང་རིགས་གཞོན་སྐྱེས་ཚོའི་ངོས་ནས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་ལས་འགུལ་དེ་བདུན་ཕྲག་གཅིག་ལ་ཉམས་ལེན་བྱས་ནས་མ་བཞག་པར་བོད་དོན་བདེན་པའི་འཐབ་རྩོད་ལ་ནུས་པ་མཉམ་སྤུངས་ཀྱིས་འཇིག་རྟེན་ཡོངས་ཀྱིས་དོན་ཆེན་ཁུར་དུ་འཁྱེར་ཐུབ་མཁན་གྱི་བོད་མི་ཞིག་ཆགས་རྒྱུའི་སྙིང་སྟོབས་སྐྱེད་དགོས་པའི་འབོད་སྐུལ་ཞུས་སོང་། Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube