Dalai Lama Institute Hosts Third Annual Conference on Tibetan Studies
སྦེང་ལོར་ནང་ Stub Kaiser སེའི་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༩ ནས་བདུན་ཕྲག་གཅིག་གི་རིང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་བོད་ཀྱི་བདུན་ཕྲག་ཅེས་པའི་རིག་གཞུང་གོ་རྟོགས་ཀྱི་ལས་རིམ་ཁྲོད་དུ། ཁ་སང་ཕྱི་ཚེས་ ༩ དང་ ༡༠ ཉིན་དུས་རབས་ ༡༣ པ་དང་ ༡༤ པ་བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་གནས་བབ་ཀྱི་སྐོར་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།
ཚོགས་འདུའི་ཉིན་དང་པོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ཀྱིས་ཧོར་བོད་མཆོད་ཡོན་འབྲེལ་བ་དང་དེའི་བྱུང་འབྲས་སྐོར་གསུང་བཤད་གནང་བ་དང་བསྟུན། འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། སློབ་དཔོན་ཆེན་མོ་ཁོང་གིས་བོད་དང་ཡོན་རྒྱལ་རབས་དབར་གྱི་འབྲེལ་བ་ངོ་སྤྲོད་བརྒྱུད། རྒྱ་ནག་གིས་བོད་ནི་ཡོན་རྒྱལ་རབས་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་བཤད་ཚུལ་དེར་དགག་པ་བརྒྱབ་ཡོད།
Dalai Lama Institute Hosts Third Annual Conference on Tibetan Studies
The Dalai Lama Institute for Higher Education in Bengaluru hosted the third annual Staub Kaiser Conference on Tibetan Studies yesterday, bringing scholars together to discuss Tibet’s history, religion, politics and culture.
This year’s conference focuses on “The State of Religion, Polity, and Culture in the 13th and 14th Century.”
In an interview with Voice of Tibet, Professor Jampa Samten discussed Tibet’s historical relationship with the Mongol-led Yuan dynasty and challenged China’s narrative that Tibet has historically been part of China, citing the Yuan dynasty’s rule as a key point of reference in the debate over Tibet’s historical status.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





