Dr. Gyal Lo Addresses Beijing’s Legal Coercion and Transnational Repression in Canada

1 day ago

རྒྱ་གཞུང་གིས་འབུམ་རམས་པ་རྒྱལ་ལོ་ལགས་ལ་རྫུན་བཟོའི་ཁྲིམས་གཏུག་བྱས་པའི་སྐོར་གླེང་མོལ། Dr. Gyal Lo Addresses Beijing’s Legal Coercion and Transnational Repression in Canada ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་རྒྱ་གཞུང་གིས་ཁེ་ན་ཌར་གནས་བཞུགས་སྤྱི་ཚོགས་རིག་པའི་མཁས་དབང་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭའི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གསལ་འདོན་གནང་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ལ་གཞི་རྩ་གང་ཡང་མེད་པའི་ཐོག་ནས་རྫུན་བཟོའི་ཁྲིམས་གཏུག་བྱས་ཡོད་པ་རེད། དེར་བོད་མི་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་དང་། རྒྱལ་སྤྱིའི་ཚོགས་སྒེར་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་བཞིན་པ། དེ་བཞིན་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཁོང་ལ་རྒྱབ་སྐྱོར་དང་། ལྷག་པར་ཁེ་ན་ཌའི་གཞུང་ནས་ཁོང་སྲུང་སྐྱོབ་དགོས་ཐོག་རྒྱ་ནག་ལ་ངེས་པར་དུ་ཡ་ལན་ཚད་ལྡན་སྤྲོད་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་གིས་འབུམ་རམས་པ་རྒྱལ་ལོ་ལགས་དང་ལྷན་དུ་ཁོང་ལ་ཁྲིམས་གཏུག་བྱས་པའི་ནང་དོན་དང་བརྒྱུད་རིམ། དེ་བཞིན་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་འཇིགས་སྐུལ་གྱི་བྱ་སྤྱོད་ཐོག་ཁེ་ན་ཌའི་གཞུང་དང་རྒྱལ་སྤྱིའི་འགན་འཁྲི་སོགས་དང་འབྲེལ་ནས་གླེང་མོལ་ཞུས་ཡོད། Prominent educational sociologist Dr. Gyal Lo faces the potential enforcement of a Chinese court judgment in Canada following the delivery of legal documents to his Toronto residence, an act Tibet Action characterizes as an escalation of Beijing's transnational repression. In this broadcast of Voice of Tibet, Dr. Gyal Lo examines the litigation, the demands issued by the Chinese authorities, the broader legal implications of the proceedings, and potential avenues for recourse. The discussion also considers the measures the Canadian government can and should implement to safeguard individuals within its jurisdiction and uphold a firm stance against foreign interference. Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube