In Conversation with Lhakpa Tsering (Norphel): A Dedicated Community Benefactor in Mundgod

1 day ago

མོན་གྷོ་རུ་གནས་བཞུགས་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་ལྷག་པ་ཚེ་རིང་ངམ་ནོར་འཕེལ་ལགས་དང་ལྷན་དུ་གླེང་མོལ། In Conversation with Lhakpa Tsering (Norphel): A Dedicated Community Benefactor in Mundgod འདི་ལོའི་འགོ་སྟོད་དུ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་དང་པར་ལེན་ཕྱོགས་སྒྲིག་པ་མོན་གྷོ་ཁུལ་དུ་ཕྱོགས་བསྐྱོད་སྐབས། ས་གནས་མི་མང་ཕལ་ཆེ་བའི་ངོས་ལ། ལྷག་པ་ཚེ་རིང་འམ་ནོར་འཕེལ་ལགས་ནི་མི་རབས་རྒན་པ་བགྲེས་སོང་བ་རྣམས་ལ་ལྟ་རྟོག་གནང་མཁན་གཙོ་བོར་གྱུར་བའི་དུས་རྒྱུན་དུ་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་གཏོང་ཕོད་ཅན་གྱི་གང་ཟག་ཅིག་ལ་ངོས་འཛིན་གྱིས་ཆེ་བསྟོད་གུས་ཞབས་ཆེན་པོ་གནང་གི་ཡོད་པ་མཐོང་ཐོས་བྱུང་། རླུང་འཕྲིན་ཁང་གི་ངོས་ནས་སྐབས་དེ་དུས་ལྷག་པ་ཚེ་རིང་ལགས་དང་ལྷན་དུ་ཁོང་གིས་བྱམས་སྙིང་རྗེའི་ཀུན་ནས་སློང་བའི་དང་བླངས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་དང་། སྒེར་གྱི་འཚོ་བ་སོགས་ཀྱི་སྐོར་དང་འབྲེལ་ནས་བཅར་འདྲི་ཞིག་ཞུས་ཡོད་པས། དེ་རིང་གི་དམིགས་བསལ་ལས་རིམ་འདིའི་ནང་ལེ་ཚན་དེ་རྒྱང་སྲིང་ཞུས་ཡོད། Earlier this year, during a visit to the Mundgod Tibetan settlement, our reporter and cameraman came across widespread admiration for Lhakpa Tsering, also known as Norphel-la. Many local residents regard him as a generous and dedicated community benefactor, particularly for his continued voluntary efforts to support and care for residents of the local old-age home. During that visit, we had the opportunity to interview Lhakpa Tsering about his compassion-driven community service, his contributions to the well-being of others, and aspects of his personal life. Today, we present that interview as part of our special programme. Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube