༧གོང་ས་མཆོག་ལ་བོད་ཀྱི་རིག་གཞུང་སྒྱུ་རྩལ་ཚོགས་པ་ཆེ་ཁག་གསུམ་ནས་བརྟན་བཞུགས་བསྟར་འབུལ།

2 hours ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ལྷག་པའི་ཉིན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་ཟུར་དང་། བོད་ཀྱི་ཟློས་གར་ཚོགས་པའི་ལས་ཟུར། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་བཅས་བོད་ཀྱི་རིག་གཞུང་སྒྱུ་རྩལ་ཚོགས་པ་ཆེ་ཁག་གསུམ་ཐུན་མོང་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་གང་ཉིད་མཆོག་ལ། སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་མཆོག་རྡོ་རྗེ་སློབ་དཔོན་དུ་དབུ་བཞུགས་ཀྱིས། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། །
Watch on YouTube