ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ལས་འགུལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ལས་འགུལ་ཞེས་པ་ཞིག་སང་ཉིན་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དགོས་འདུན་དོན་ཚན་ལྔ་ཅན་གྱི་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་རེད་འདུག དེའི་ནང་བོད་ནང་ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་རྒྱ་ནག་གཞུང་གི་ངོས་ནས་འགན་འཁུར་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་པ་སོགས་འཁོད་ཡོད་ཅིང་། ལས་འགུལ་དེ་ཡང་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱི་ལོ་མཆོད་བར་དུ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག །





