བསྟན་འཛིན་ནོར་རྒྱས་ལགས་དང་ཁོང་གི་གཞིས་ཁྱིམ།

1 week ago

བོད་ཀྱི་རླུང་འཕྲིན་གྱི་པོ་ཊེ་ཀ་སི་ (Podcast) དམིགས་བསལ་ལས་རིམ་འདིའི་ནང་། ཡོངས་གྲགས་སུ་བསྟན་འཛིན་ཤར་པ་ཞེས་སུ་འབོད་པ། འཛམ་གླིང་གི་ཡང་རྩེ་རི་བོ་ཇོ་མོ་གླང་མའི་དབུ་རྩེར་ཐོག་མར་འཛེགས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་གཏོད་གནང་མཁན་བསྟན་འཛིན་ནོར་རྒྱས་ལགས་ཀྱི་ཕ་ཡུལ་ངོ་མ་གང་ནས་ཡིན་པ་དང་། ཁོང་གི་བྱིས་དུས་ཀྱི་འཚོ་བའི་གནས་བབ་སྐོར། ཡང་སྒོས་སུ་བོད་ནང་སྐུ་བཞུགས་སྐབས་ཀྱི་ལོ་རྒྱུས་སྔོན་ཆད་ཐོས་མ་མྱོང་བ་ཇི་སྙེད་ཅིག་གི་སྐོར་ལ། བསྟན་འཛིན་ནོར་རྒྱས་ལགས་ཀྱི་ཡུལ་མི་སྤུན་ཟླ་ཡིན་པ་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད། །
Watch on YouTube