བོད་ཀྱི་སྐད་ཡིག་ཁང་གསར་འཛུགས་དང་དེའི་གལ་གནད།

1 day ago

ཐེངས་འདིའི་བོད་ཀྱི་རླུང་འཕྲིན་གྱི་གླེང་མོལ་ལེ་ཚན་ནང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ལ་དོ་སྣང་འཕར་མ་ཡོང་ཆེད། བཙན་བྱོལ་ནང་གི་སློབ་གྲྭ་ཁག་བཅུའི་ནང་བོད་ཀྱི་སྐད་ཡིག་ཁང་བཅུ་གཅིག་གསར་འཛུགས་གནང་བའི་དམིགས་ཡུལ་དང་གལ་གནད། དེ་བཞིན་ལས་རིམ་འདིའི་བརྒྱུད་རིམ་སོགས་ཀྱི་ཐད་ལ་གླེང་མོལ་ཞུས་ཡོད། དེ་བཞིན་ད་ལྟའི་ཆར་བོད་ནང་བོད་སྐད་ཡིག་གི་གནས་སྟངས་དེ་ཧ་ཅང་གཉན་འཕྲང་ཅན་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། བཙན་བྱོལ་ནང་བོད་པའི་དགེ་ལས་དང་སློབ་ཕྲུག་ཙམ་མིན་པར། ཁྱིམ་བདག་ཚོས་ཀྱང་དམིགས་བསལ་གྱི་འགན་འཁུར་བཞེས་དགོས་སོགས་ཀྱི་ཐད་ལ། ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད། །
Watch on YouTube