བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༡༡།༢༠ | དབུས་སྐད་ལས་རིམ།

1 day ago

1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་མཁན་ལ་མཇལ་ཁ་གནང་བ། 2 ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་མའེ་ཁེལ་མེཀ་ཀའོ་ལ་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ། 3 ཡོ་རོབ་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་ཏེ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་བསྐྱར་དུ་ནན་བརྗོད་གནང་ཡོད་པ། 4 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༠ ལོན་པ་དང་བགྲེས་ཡོལ་ཕེབས་མཁན་མི་ ༡༤ ལ་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་བསྩལ་བ། 5 ༧གོང་ས་མཆོག་གི་ཡང་སྲིད་ཐད་ཨ་རིས་སྲིད་བྱུས་བཟོ་དགོས་པ་དང་རྒྱ་གར་གཞུང་དང་མཉམ་ལས་དགོས་པའི་རྒྱབ་གཉེར་གནང་འདུག 6 རྒྱལ་ལོ་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཉན་ཞིབ་ཐོག་མཉམ་ཞུགས་གནང་པ། 7 རྒྱ་ནག་གིས་བོད་ནང་འགོག་གནོན་གི་སྲིད་བྱུས་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀྲིས་དབང་ཕྱུག་ལགས་ཀྱིས་བཅའ་འདྲི་ཞུས་པའི་དུམ་བུ་ཞིག་ཡོད། 8 ཨ་རི་དང་རྒྱ་ནག་གི་རྩོད་རྙོག་ཁྲོད་ཊམཔ་དང་ཞི་ཅིན་ཕིང་གཉིས་ APEC ཚོགས་ཆེན་དུ་མཇལ་འཕྲད་གནང་རྒྱུ། 9 ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་དུ་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོགས་འདུར་ཕེབས་ཡོད་པ། 10 ཊམཔ་ཡིས་ཧྲེན་ཊེན་དུ་ཞི་ཅིན་ཕིང་དང་པུ་ཊིན་ལ་མཇལ་མོལ་གནང་པ། 11 བོད་ནང་གི་དཔོན་རིགས་ཟུར་པ་ཞིག་གིས་ལྐོག་རྔན་ལེན་པའི་རྐྱེན་གྱིས་འཛིན་བཟུང་ཁྲིམས་གཏུག་བྱས་པ། 12 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་ནས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་འདུག 13 རྒྱ་ནག་གི་གནོན་ཤུགས་འོག་བོད་དོན་རྒྱབ་སྐྱོར་བ་ཚོར་དཀའ་ངལ་ཆེ་རུ་འགྲོ་བཞིན་པ། 14 རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་དུ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་གསར་བཞེངས་ལེགས་གྲུབ་བྱུང་ཡོད་པ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/36317549?utm_source=youtube
Watch on YouTube