འཕྲོད་བསྟེན་བཀའ་བློན་མཆོག་གིས་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་གནང་བཞིན་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་གནང་བཞིན་པའི་ཁྲོད། ཕྱི་ཟླ་༡༡ ཚེས་༩ ཉིན་སྦེལ་ཀོབ་ལུགས་བསམ་ཚོགས་ཁང་དུ་གཞིས་ཆགས་གཉིས་ཀྱི་མང་ཚོགས་ལ་མཇལ་འཕྲད་དང་གསུང་བཤད་གནང་ཡོད་པ་རེད།
གསུང་བཤད་ཁྲོད་ཁོང་གིས་བཀའ་ཤག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང་། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་མ་ཟད། མི་མང་གི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད། འདི་ག་གསར་ཁང་གིས་ཁོང་ལ་ལྷོ་ཕྱོགས་འཚམས་གཟིགས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཞུས་ཡོད།
བཀའ་བློན་མཆོག་གི་ཐེངས་འདིའི་འཚམས་གཟིགས་དེ་མོན་གྷོ་འདོད་རྒུ་གླིང་ནས་དབུ་བཙུགས་ཏེ། ཀོ་ལི་གྷལ་དང་ཧུན་སུར་བརྒྱུད་ད་ལྟ་སྦེལ་ཀོབ་ཏུ་སླེབས་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༡༠ ཉིན་སྦེང་ལོར་ཕྱོགས་སུ་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད། འདི་ག་བོད་ཀྱི་རླུང་འཕྲིན་ཁང་གི་ལྷོ་ཕྱོགས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས།





