རྒྱ་ནག་གིས་འཛམ་གླིང་ལ་ཚན་རྩལ་ངོམ་བཞིན་པའི་རྒྱབ་ལོགས་ཀྱི་དཔལ་འབྱོར་ཉམས་རྒུད་དང་ལས་མེད་ཀྱི་དཀའ་ངལ།

5 days ago

རྒྱ་ནག་གི་ཁང་པ་དང་ས་ཆའི་ཚོང་ལས་ཉམས་ཆག་ཕྱིན་པའི་དཀའ་ངལ་ད་དུང་སེལ་མེད་པར་བརྟེན། ཧྲེན་ཀྲེན་གྱི་གླ་འཁོར་ཁ་ལོ་བ་ཞིག་གི་ཁང་པའི་རིན་གོང་ངོ་མ་དང་བསྡུར་ན་ད་ཆ་གསུམ་ཆ་གཅིག་ལས་མེད་པར་ཆགས་ཡོད་པ་དང་། ཡུལ་མི་ཚོས་འགྲོ་སོང་གཏོང་རྒྱུ་ཉུང་དུ་ཕྱིན་པར་བརྟེན། བཟོ་གྲྭ་མང་པོ་ཕྱིར་ཚོང་ཁོ་ནར་བརྟེན་དགོས་བྱུང་བའམ་ཡང་ན་ངལ་རྩོལ་བའི་གླ་ཕོགས་ཆུང་བའི་ས་གནས་གཞན་དུ་སྤོས་པ་དང་། འཕྲུལ་ཆས་ཀྱིས་ཚབ་བྱས་པར་བརྟེན། བཟོ་པ་མང་པོ་ལས་མེད་དུ་གྱུར་ཡོད་འདུག


The post རྒྱ་ནག་གིས་འཛམ་གླིང་ལ་ཚན་རྩལ་ངོམ་བཞིན་པའི་རྒྱབ་ལོགས་ཀྱི་དཔལ་འབྱོར་ཉམས་རྒུད་དང་ལས་མེད་ཀྱི་དཀའ་ངལ། appeared first on བོད་ཀྱི་བང་ཆེན།.

Original Article