རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭ་དབུ་འབྱེད་དང་བརྟན་བཞུགས་སྟ་གོན།
གནངས་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྟོད་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་གིས། རྒྱུད་སྟོད་གྲྭ་ཚང་ནས་སྐུའི་གོ་སྟོན་དང་འབྲེལ་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་དང་། གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་མཛད་རྒྱུ་གཏན་འཁེལ་ཡོད་པ་རེད། དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་ནས་མཛད་སྒོའི་སྟ་གོན་དང་། དེ་ཉིན་གྱི་མཛད་རིམ་གནང་སྒོ། སྐུ་མགྲོན་སུ་དང་སུ་ཕེབས་མིན་བཅས་ལ་རྒྱུས་ལོན་དང་སྦྲགས། སྤྱིར་གཞུང་ས་དགའ་ལྡན་ཕོ་བྲང་དང་། ཡང་སྒོས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ར་མོ་ཆེ་རྒྱུད་སྟོད་གྲྭ་ཚང་དབར་གྱི་ཐུན་མིན་འབྲེལ་ལམ། དེ་བཞིན་དེ་སྔ་བོད་ས་མ་ཤོར་གོང་རྩེ་ཕོ་བྲང་ཆེན་པོ་པོ་ཏ་ལར་ལོ་བསྟར་ཆགས་སུ་རྒྱལ་དབང་སྐུ་ཕྲེང་རིམ་པར་དམིགས་བསལ་བརྟན་བཞུགས་བསྟར་འབུལ་ཞུ་སྲོལ་ཇི་ཡོད་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད། །





