སྦེང་ལོར་དུ་བོད་དང་བོད་དོན་གྱི་གོ་རྟོགས་སྤེལ་བ།
ཏཱ་བླའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་གཙོ་འགན་གོ་སྒྲིག་འོག་ཕྱི་ཟླ་༡༡ ཚེས་༩ ནས་༡༤ བར་སྦེང་ལོར་དུ་བོད་ཀྱི་བདུན་ཕྲག་སྲུང་བརྩི་བྱེད་སྒོ་སྤེལ་ཏེ། རྒྱ་གར་མཐོ་སློབ་ཀྱི་སློབ་མ་ཚོར་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག རིག་གནས། བོད་དོན་བཅས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད།
ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་ཀྱིས། བྱེད་སྒོ་འདིའི་དམིགས་ཡུལ་ནི་བོད་ཀྱི་ངོ་བོ་དང་སྐད་ཡིག་སྲུང་སྐྱོབ་བྱེད་པ་དང་། རྒྱ་གར་སློབ་མ་ཚོར་བོད་དོན་གྱི་གོ་རྟོགས་སྤེལ་བ་ཡིན་ཞེས་གསུངས་ཡོད།





