Top Stories

ཧོན་སུར་གནས་སྡོད་བཀྲ་ཤིས་ཐག་ཆོད་ལགས་ཀྱིས་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྡ་ས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

ཉེ་ལམ་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་ནང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གི་བོད་ཐོག་འཛིན་སྲིད་བྱུས་ལ་ངོ་རྒོལ་དང་བོད་རང་བཙན་སླད་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་། འཛམ་གླིང་ཡུལ་གྲུ་གང་སར་བོད་མི་འདུ་སྡོད་ས་གནས་ཁག་ཏུ་ཚོགས་སྒེར་འདྲ་མིན་ནས་ལས་འགུལ་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པའི་ཁྲོད། ཁ་སང་ཧོན་སུར་གནས་སྡོད་བཀྲ་ཤིས་ཐག་ཆོད་ལགས་ཀྱིས་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྡ་ས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག དེ་ཡང་ཁ་སང་ཚེས་ ༢༠ ཉིན་རྒྱབ་ཕྱག་ཚོད་ ༢ པ་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་གནས་སྡོད་གནང་མཁན་ལོ་ན་ ༥༩ ལ་སོན་པའི་བཀྲ་ཤིས་ཐག་ཆོད་ལགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་ནས་འགོ་འཛུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་བར་བོད་དོན་དྲིལ་བསྒྲགས་དང་། ལྷག་དོན་དུ་རྒྱལ་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་ཐོག་ཡ་ལན་གཙང་མ་གནང་མེད་སྟབས་དྲང་བདེན་བྱུང་མེད་པ་སོགས་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་བཀྲ་ཤིས་ཐག་ཆོད་ལགས་སྒེར་ལ་བཀའ་འདྲི་ཞུ་སྐབས། རྩ་བའི་ཁོང་ཧོན་སུར་རབ་རྒྱས་གླིང་ནས་འདི་ཚེས་ ༡༧ ཉིན་ཕྱིར་ཐོན་ཡོད་པ་དང་འདི་ཚེས་ ༡༩ ཉིན་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་མ་ཟད། རྒྱལ་ས་ལྡི་ལིའི་ནང་མེ་ལེ་ ༢༠ ཙམ་གྱི་རྒྱང་རྒྱུག་ལས་འགུལ་ཞིག་ལ་ཕེབས་འཆར་ཡོད་ཀྱང་། དེར་གནད་དོན་གཞན་ཁག་གཅིག་གི་རྐྱེན་པས་རྒྱང་རྒྱུག་ལས་འགུལ་དེ་བཞིན་ལམ་ལྷོང་མ་བྱུང་བར་བརྟེན་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་བ་ཞིག་ཡིན་ཞིང་། ཁོང་གོམ་བགྲོད་ལ་ཕེབས་སྐབས་ 5 Vikas བོད་པའི་དམག་ཟུར་རྣམས་ཀྱིས་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་པ་གསུངས་བ་མ་ཟད། དེང་སྐབས་ལས་འགུལ་ཅི་འདྲ་ཞིག་སྤེལ་ཀྱང་བོད་མི་གཞོན་སྐྱེས་རྣམས་ནས་མཉམ་ཞུགས་གང་མང་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་བཀྲ་ཤིས་ཐག་ཆོད་ལགས་ཀྱི་ཐེངས་འདིའི་ཞི་བའི་གོམ་བགྲོད་ལས་འགུལ་དེ་བཞིན་ཐེངས་དང་པོ་མིན་པར་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནས་ཧོན་སུར་བར་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་ལས་འགུལ་ལ་ཕེབས་མྱོང་ཡོད་ཅིང་། ཁོང་གི་ཐེངས་འདིའི་ལས་འགུལ་དེ་བཞིན་ཁ་སང་ནས་འགོ་འཛུགས་གནང་ནས་དེ་རིང་ཉིན་ ༢ པ་ཆགས་ཀྱི་ཡོད་པ་མ་ཟད། ད་ལྟའི་ཆར་ Panipat གྲོང་ཁྱེར་ནང་འབྱོར་གྲབས་ཡོད་པ་རེད་འདུག ཕྱོགས་མཚུངས་ཉེ་བའི་ཆར་བོད་མི་ཚོགས་སྒེར་ཁག་གིས་མུ་མཐུད་རང་གི་ས་གནས་ནང་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་སྤེལ་བཞིན་པ་དང་འབྲེལ།...

བོད་པའི་བུད་མེད་གཞོན་སྐྱེས་ཤིག་གིས་ཨ་སྒོར་ས་ཡ་ ༦༣ གྱི་འཁོར་ཡུག་མ་དངུལ་འཚོལ་སྒྲུབ།

ཨ་རིར་གནས་བཞུགས་བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་དུ་འཚར་ལོང་བྱུང་བའི་མྱོང་བ་དང་འབྲེལ་ནས་རང་ཉིད་ཀྱི་མི་ཚེའི་ལམ་བུའི་ཁྲོད། Pulse Fund ཞེས་པའི་མ་དངུལ་ཐེབས་རྩ་ཁང་གསར་བཙུགས་དང་མཉམ་འབྲེལ་འཛིན་སྐྱོང་བརྒྱུད་གནམ་གཤིས་འགྱུར་ལྡོག་གིས་གོ་ལ་སྤྱི་ལ་ཁྱབ་པའི་དཀའ་ངལ་ལ་གདོང་ལེན་སླད་ས་ཡ་ ༦༣ གྱི་ཁོར་ཡུག་མ་དངུལ་འཚོལ་སྒྲུབ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༨ ཉིན་ Forbes ཞེས་ཨ་རིའི་ཚོང་དང་དཔལ་འབྱོར། འཕྲུལ་ལས་དང་འགོ་ཁྲིད་སོགས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱི་དྲྭ་གནས་ཐོག བསྟན་འཛིན་གསལ་སྒྲོན་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དེའི་ནང་དུ། བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ Energy Transition འམ་ནུས་ཁུངས་བསྒྱུར་བཅོས་དང་། Infrastructure འམ་རྨང་གཞིའི་འཛུགས་བསྐྲུན། ཟས་རིགས་དང་ཞིང་ལས། དེ་བཞིན་འགྲུལ་བསྐྱོད་བཅས་གནམ་གཤིས་དང་འབྲེལ་བའི་གནད་དོན་ཐོག་ཕྱག་ལས་གནང་མཁན་གྱི་ཚོང་ལས་ཁང་གསར་པ་རྣམས་ལ་མ་དངུལ་རོགས་སྐྱོར་སླད་ཁོང་རང་ཉིད་ཀྱིས་གསར་བཙུགས་དང་མཉམ་འབྲེལ་འཛིན་སྐྱོང་གནང་བཞིན་པའི་ Pulse ཐེབས་རྩ་ཁང་གི་བརྒྱུད་ཨ་སྒོར་ས་ཡ་ ༦༣ གྱི་ཁོར་ཡུག་མ་དངུལ་འཚོལ་སྒྲུབ་གནང་འདུག   བསྟན་འཛིན་གསལ་སྒྲོན་ལགས་དེ་སྔ་བྱིས་པ་ལོ་ ༥ ཡིན་པའི་སྐབས་སུ། རང་ཉིད་གནས་སྡོད་བྱས་སའི་གྲོང་སྡེའི་སྟེང་དུ་ཡོད་པའི་འཁྱགས་རོམ་ཞིག་སྔར་ལས་ལྷག་པའི་མྱུར་ཚད་ཐོག་བཞུར་ཏེ་ཆུ་རུད་བྱུང་བའི་ཁྲོད་ཁོང་རྩེད་མོ་རྩེ་སའི་རྩེ་ཐང་དེ་ཆུས་ཁྱེར་ཡོད་པ་མ་ཟད། སྐབས་དེར་ཁོང་གི་འཁྱགས་རོམ་དང་ཆུ་རུད་སོགས་ཀྱི་སྐོར་གང་ཡང་ཤེས་ཀྱི་མེད་ཀྱང་། ལོ་རེ་བཞིན་རི་བོ་དེ་དག་འགྱུར་བ་ཕྱིན་པ་མཐོང་ཡོད་པ་དང་། དེའི་རྗེས་སུ་ཁོང་ཨ་རིར་གནས་སྤོས་བྱས་པའི་རྗེས་སུ་འཛིན་རིམ་བཅུ་པའི་སྐབས་གནམ་གཤིས་འགྱུར་ལྡོག་ཞེས་པའི་ཚིག་བརྗོད་དང་གནད་དོན་དེའི་སྐོར་ཐོག་མར་ཐོས་པའི་རྗེས་སུ་རིམ་པས་ཁོང་ནས་གནམ་གཤིས་དང་ཁོར་ཡུག་གི་གནད་དོན་ཐོག་ཕྱག་ལས་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་གསུངས་འདུག བསྟན་འཛིན་གསལ་སྒྲོན་ལགས་ནས་ཨ་རིའི་ Stanford མཐོ་སློབ་ནས་སློབ་ཐོན་གནང་རྗེས་ Oxford གཙུག་ལག་སློབ་གཉེར་ཁང་དུ་ Rhodes...

ལ་སྟོད་ལྷོ་བྱང་མངའ་གསུམ་དགོན་གནས་ལོ་རྒྱུས་ཀྱི་པོད་ཕྲེང་ལྔ་ཅན་ཞིག་དབུ་འབྱེད་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ནས་བོད་མི་རིགས་ཀྱི་ངོ་བོ་ནག་བསུབ་གཏོང་བཞིན་པའི་དུས་སྐབས་སུ། བོད་མི་རྣམས་ནས་མི་རིགས་སྲུང་སྐྱོབ་ཆེད་དུ་འདས་པའི་ལོ་རྒྱུས་དང་། ལྷག་པར་དུ་ས་གནས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་ཚུལ་གྱི་རིག་གནས་ཁག་ལོ་རྒྱུས་ཡིག་ཚགས་སུ་ཡིག་འཇོག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སྟོད་ཡིག་ཚང་ཆེན་མོ་དཔེ་དེབ་དབུ་འབྱེད་སྐབས་གསུངས་སོང་། དེ་ཡང་ཁ་སང་ཟླ་བ་ ༩ ཚེས་ ༢༠ ཉིན་བཞུགས་སྒར་རྡ་རམ་ས་ལར་ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་དགོན་གནས་ལོ་རྒྱུས་བསྡུ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག །སྟོད་ཡིག་ཚང་ཆེན་མོའམ་ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་དགོན་གནས་ལོ་རྒྱུས་ཀྱི་པོད་ཕྲེང་ལྔ་ཅན་ཞིག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་དབུ་འབྱེད་གནང་སོང་། ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་དགོན་གནས་ལོ་རྒྱུས་དཔེ་དེབ་དེ་བཞིན་གནའ་བོའི་ཆོས་འབྱུང་རྒྱལ་རབས་དང་། བཀའ་ཆེམས་དང་འཕྲིན་ཡིག རྣམ་ཐར་དང་རྟོགས་བརྗོད། གསུང་འབུམ་དང་མགུར་འབུམ། ཡུལ་སྡེའི་ཆགས་རབས་དང་མི་སྒེར་གྱི་ལོ་རྒྱུས། གནས་རི་དང་གནས་མཚོའི་བཤད་པ། བསྟན་རྩིས་དང་གྲུབ་མཐའ། བྲག་བརྐོས་དང་རྡོ་རིང་ཡི་གེ བོད་རྒྱ་ཨིན་གསུམ་གྱི་དུས་དེབ་དཔྱད་རྩོམ། འབྲེལ་ཡོད་མི་སྣར་བཅར་འདྲི་བྱས་པ་སོགས་ཀྱི་ལམ་ནས་བོད་ནུབ་ཕྱོགས་མངའ་རིས་དང་། ལ་སྟོད་ལྷོ་བྱང་གི་དགོན་གནས་གཙོ་བོར་བྱས་ཏེ་ཡུལ་ཁག་དེ་དག་གི་ཆོས་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་རྩོམ་སྒྲིག་བྱས་པ་ཞིག་རེད་འདུག ལོ་རྒྱུས་དཔེ་དེབ་དེའི་ཆེད་བརྗོད་གསུང་འཕྲིན་ནང་༸གོང་ས་མཆོག་གིས། སྟོད་ཡིག་ཚང་ཆེན་པོ་ཞེས་པའི་དེབ་ཕྲེང་ལྔ་རྩོམ་འབྲི་ལེགས་པར་ཟིན་ཏེ་དཔར་སྐྲུན་བྱ་རྒྱུ་གང་ལེགས་དེ་དག་ནི་བོད་ཀྱི་ལོ་རྒྱུས་དཔྱད་ཞིབ་རྩོམ་འབྲིའི་ལས་ལ་ཞུགས་མཁན་ཕྱི་ནང་གི་རྩོམ་པ་པོ་དང་། ལྷག་པར་བོད་ཀྱི་བློ་གསར་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཡིན་ཞེས་བཀའ་གནང་འདུག དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། ད་ལྟའི་བོད་ཆགས་འཇིག་གི་དུས་སྐབས་སུ་རྒྱ་ནག་གཞུང་གིས་བོད་མི་རིགས་ནག་བསུབ་གཏང་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད་དུས། མི་རབས་རྒན་པ་རྣམས་སྐུ་འཚོ་བཞུགས་ཡོད་པའི་དུས་སུ་ཉམས་ཞིབ་པ་ཚོས་འདས་པའི་ལོ་རྒྱུས་སྤྱི་དང་། ལྷག་པར་དུ་བོད་རང་དབང་རང་བཙན་ཡིན་པའི་སྐབས་ཀྱི་ས་གནས་སོ་སོའི་ས་ཆའི་ཆགས་བབ་དང་། ཡུལ་གོམས་གཤིས་ལུགས་སོགས་དེབ་གཟུགས་སུ་ཡིག་འཇོག་བྱ་རྒྱུ་དེ། མི་ཐོག་རྗེས་མར་རྩིས་སྤྲོད་བྱ་རྒྱུ་ཙམ་མ་ཡིན་པར། མི་རིགས་གསོན་གནས་ཆེད་དུའང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་སོང་། གཞན་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་ཁྲོད། ཆོས་ཕྱོགས་རྩོམ་རིག་གི་གནས་ཚད་གཞན་དྲིང་མི་འཇོག་པ་ཡོད་པ་མ་ཚད། བརྩམས་ཆོས་ཀྱང་ཧ་ཅང་ཕོན་ཆེན་པོ་ཡོད་ནའང་། མི་མང་དཀྱུས་མའི་འཚོ་བ་སྐྱེལ་ཚུལ་དང་། ཡུལ་སྲོལ་གོམས་གཤིས་སོགས་སྤྱི་ཚོགས་རིག་གནས་དང་འབྲེལ་བའི་ཡིག་ཆ་དཀོན་པོ་ཡོད་པ་དང་། ལྷག་པར་དུ་མཐའ་ཁུལ་གྲོང་གསེབ་ལུང་ཁུག་ཁག་གི་ཡུལ་སྲོལ་རིག་གནས་དང་འབྲེལ་བའི་དཔྱད་གཞི་ཧ་ཅང་དཀོན་པོ་ཡོད་སྟབས། དེ་དོན་ཁ་སྐོང་བྱ་རྒྱུ་སྔ་མ་དྲགས་ནའང་ཕྱི་དྲགས་མེད་པ་གསུང་གི་འདུག པོད་ལྔ་ཅན་གྱི་ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་ལོ་རྒྱུས་རྩོམ་འབྲི་བ་འབུམ་རམས་པ་ལྷ་སྒང་བློ་བཟང་ཆོས་གྲགས་ལགས་ཀྱིས་དགོན་གནས་ལོ་རྒྱུས་དང་ད་ལྟའི་དགོན་གནས་ཀྱི་གནས་བབ་དང་འབྲེལ་ཏེ།...

Speaker Dolma Tsering Teykhang Launches Five-Volume Book Series, Toe Yigtsang Chenmo

Dharamshala: A five-volume book series documenting the monastic history of the three Tibetan regions of Latoe Lho, Latoe Jang, and Ngari, titled Toe Yigtsang Chenmo, was launched in Dharamshala on 20 September 2026. The launch ceremony was attended by...

Two Chinese miners partner in Beijing’s push to tap Tibet’s critical minerals

(TibetanReview.net, Sep20’26) – Tibet is home to some of China’s largest state-owned mining operations because a number of strategic minerals have been found in it, with some of them topping in volume by known reserves. In a latest development,...

Nepal’s flood tragedy deepens: 1,451 dead, nearly 6,000 still missing

The death toll from last month’s devastating flash floods in Nepal crossed 1,450 on Sunday, as the Himalayan nation continues to reel from the aftereffects of the disaster. In a statement, Nepal Police said the death toll of the...

Nepal could show the world how to recover sustainably from a major disaster

Development in known hazard zones is creating untenable risks for communities around the world. Here’s how Nepal and the global community can build back differently.

MiniTrue: ByteDance Censors’ List of 5,241 Sensitive Terms

The following is an introduction to and contextualization of some of the specific entries and broader categories included in CDT’s archived “ByteDance Lexicon of Sensitive Terms.” The lexicon, which contains some 5,241 “sensitive” words and phrases subject to review...

Rangzen bill fails to make it after heated exchanges in Tibetan parliament

(TibetanReview.net, Sep19’26) – A private member’s bill calling for the adoption of the goal of independence for Tibet saw heated exchanges on Sep 18 between the votaries of its supporters and others who questioned the Speaker’s decision to allow...

Anthropic report reveals China-based AI-enabled surveillance on CTA, ICT and SFT

Tenzin Nyidon DHARAMSHALA, Sept. 19: A new threat intelligence report from Anthropic has revealed how China-based, government-aligned actors used artificial intelligence to conduct surveillance and intelligence gathering targeting Tibetan Buddhist civil society, the exile Tibetan government officially known as...

Latest Videos

Local Media