Tibetan
རྒྱ་ནག་གཞུང་གིས་མི་རིགས་སིམ་སྒྱུར་གྱི་སྲིད་བྱུས་འོག་བོད་ནང་གི་སྒེར་གཉེར་སློབ་གྲྭ་གསུམ་སྒོ་བརྒྱབ་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཉེ་བའི་བདུན་ཕྲག་ཁ་ཤས་ཤིག་གི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་མགོ་ལོག་ཁུལ་དུ་རྟེན་གཞི་བྱས་པའི་བོད་པའི་སྒེར་གཉེར་སློབ་གྲྭ་གསུམ་སྒོ་བརྒྱབ་ཏུ་བཅུག་འདུག་ལ་སྒོ་བརྒྱབ་པའི་རྒྱུ་མཚན་གྱིས་བོད་པའི་ཕྲུ་གུ་བརྒྱ་ཕྲག་མང་པོར་བོད་སྐད་བརྒྱུད་སློབ་གསོ་ཐོབ་པའི་གོ་སྐབས་འཕྲོག་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་སའི་རང་དབང་གི་བརྒྱུད་ལམ་མཐའ་མ་དེ་ཡང་ལམ་ལུགས་ལྡན་པའི་ཐོག་མེད་པ་བཟོ་བཞིན་ཡོད་པའི་འཇིགས་སྣང་ཇེ་ཆེར་ཕྱིིན་ཡོད། དེ་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་རྒྱལ་ཁབ་ཀྱི་མི་རིགས་མཉམ་བསྲེས་ཇེ་ཆེར་གཏོང་བཞིན་པ་དང་། བོད་ཕྲུག་རྣམས་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཡོད་པའི་སློབ་གྲྭ་ཁག་གི་ནང་བཙན་བཅུག་གིས་ཆབ་སྲིད་ཀྱི་སློབ་གསོ་བཅོས་སྒྱུར་བྱེད་བཞིན་པ་དང་། ཁ་པར་དང་དྲ་རྒྱའི་འབྲེལ་ལམ་ལ་ལྟ་སྲུང་དམ་དྲག་ཤུགས་ཆེ་བྱེད་པའི་རྒྱུ་རྐྱེན་གྱིས་ས་གནས་ནས་གནས་ཚུལ་ཤེས་རྟོགས་ཐུབ་པར་ཁག་པོ་ཆགས་ཡོད། ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་རྟེན་གཞི་བྱས་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་འདུག དེ་ཡང་སློབ་གྲྭ་དེ་བཞིན་ཇར་མན་དུ་གནས་སྡོད་བྱེད་བཞིན་པའི་སྨན་པ་དམ་པ་རྟ་བོ་བློ་བཟང་དཔལ་ལྡན་ལགས་དང་ཁོང་གི་བཟའ་ཟླ་རྣམ་གཉིས་ནས་ཕྱི་ལོ་ ༢༠༠༥ ལོར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། སློབ་གྲྭ་འདིའི་ནང་ཕ་མ་མེད་པའི་བོད་ཕྲུག་ ༣༠༠ ཙམ་ལ་ཁྱིམ་ཚང་དང་ཤེས་ཡོན་མཁོ་སྤྲོད་བྱས་ཡོད།ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་རྩྭ་ཐང་བུ་མོའི་སློབ་གྲྭ་མིང་གཞན་དུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ཞེས་པ་སྒོ་བརྒྱབ་ཡོད་པ་དང་། སློབ་གྲྭ་དེ་བཞིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ཟླ་བ་ ༡༠ ཚེས་ ༡༥ ཉིན་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། མགོ་ལོག་ནང་ཆགས་པའི་སློབ་གྲྭ་སྙན་གྲགས་ཆེ་བ་ཞིག་ཡིིན་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་འབྲོག་པའི་བུ་མོ་རྣམས་ལ་ནང་པའི་ལྟ་གྲུབ་དང་། ཚན་རིག བོད་ཀྱི་སྐད་ཡིག གསོ་བ་རིག་པ།...
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཁོང་རྣམས་དང་ལྷན་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། དེ་བཞིན་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་ངོ་སྤྲོད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་སོང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་མང་རིང་བོད་དོན་ཞུ་སྐུལ་ཐོག་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། དེ་བཞིན་རྒྱ་གར་དང་། ཨ་རི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས། ད་བར་བཙན་བྱོལ་ནང་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་བསྐྱལ་ཐུབ་ཡོད་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་གོང་སྤེལ་གནང་ཐུབ་ཡོད་ཅེས་དང་། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་འགྲེལ་བརྗོད་གནང་ཞིང་། དེ་ཡང་བོད་མིའི་མང་གཙོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་ཡིན་པ་དང་། ༧མགོན་པོ་གང་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བའི་ལོ་བཞིའི་རྗེས་སུ་ཆོལ་ཁའི་སྤྱི་འཐུས་ཁོངས་སུ་བུད་མེད་རེ་ཟུར་བཅད་ས་མིག་འཕར་སྣོན་གནང་བ་དང་། དེས་བོད་པའི་བུད་མེད་ཚོས་འགོ་ཁྲིད་ནང་ཆ་ཤས་བླངས་རྒྱུར་རྨང་གཞི་བཏིང་བ་མ་ཟད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་བུད་མེད་རྣམས་ཀྱིས་གལ་འགངས་ཆེ་བའི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་བཞེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས་སོང་། དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་གསུངས་ཤིང་། དེ་ཡང་རྒྱ་ནག་དམར་གཞུང་གིས་ཕྱི་ཟླ་ ༧ ཚེས་ ༡...
བོད་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལོ་ལྔའི་ཁྲིམས་ཐག་བཅད་འདུག
བོད་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་འདི་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་རྗེས། ད་ཆར་ཁོང་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་བརྗོད་འདུག The post བོད་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལོ་ལྔའི་ཁྲིམས་ཐག་བཅད་འདུག appeared first on བོད་ཀྱི་བང་ཆེན།.
དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༨ པའི་མཛད་སྒོའི་སྐུ་མགྲོན་ག...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༧ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༨ པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཙམ་ལ་བཀའ་བློན་མཆོག་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་དང་སློབ་ཕྲུག་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་ཆུ་ཚོད་ ༩ ཐོག་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་ཕྲུག་རྣམས་ནས་རྩེད་ཐང་དུ་རུ་སྒྲིག་གནང་སྟེ། འཕགས་བོད་གཉིས་ཀྱི་རྒྱལ་གླུ་རྔ་རོལ་དང་བཅས་ཏེ་བཏང་གྲུབ་བསྟུན། རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་ཞུ་སླད་ངག་བཅད་སྐར་མ་གཅིག་གནང་གྲུབ་མཚམས་སློབ་གྲྭའི་སློབ་སྤྱི་ནས་འཚམས་འདྲིའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་བློན་མཆོག་ནས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་བའི་ནང་དོན་གཙོ་བོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ཀྱིས་གཙོས་ཕྱི་ལོ་ ༡༩༩༨ ནས་བཟུང་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་མང་དག་ཅིག་གིས་སྐུ་ལུས་མེར་སྲེག་བཏང་ཡོད་པ་དང་། ཁོང་རྣམ་པས་བཞག་པའི་ཞལ་ཆེམས་དང་རེ་བ་དེ་དག་སེམས་ནང་དུ་དྲན་པའི་ཐོག་མ་འོངས་པར་འགན་ཁུར་ལེན་རྒྱུའི་དམ་བཅའ་འཇོག་དགོས་པའི་ཉིན་མོ་ཞིག་ཡིན་སྐོར་དང་། སློབ་གྲྭ་འདི་འགོ་བཙུགས་ནས་ད་བར་མི་ལོ་ ༤༠ རིང་སློབ་གྲྭའི་རྒན་ལགས་རྣམ་པས་སྐུ་ལས་དང་རྒྱབ་སྐྱོར་ལ་བརྟེན་ནས། སློབ་མ་སྟོང་ཕྲག་མང་པོ་འདི་ནས་ཐོན་ཏེ་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། འདབ་ཤོག་གཉིས་ལྡན་གྱི་བོད་མི་ཞིག་ཆགས་ཡོད་པ་ནི་སློབ་གྲྭ་འདིའི་འབྲས་བུ་དང་ལོ་ངོ་ ༤༠ རིང་གི་གྲུབ་འབྲས་ཞིག་ཡིན་པ་བསམ་གྱི་ཡོད་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་རྩ་མེད་དུ་གཏོང་རྒྱུར་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག” ཅེས་པ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡...
ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་གསར་དུ་བསྐོ་གཞག་བྱུང་བའི་དྷ་རམ་ས་ལའི་འབྲེལ་མཐུད་ལས་བྱེད་སིད་དྷཱརྠ་བྷ་བྷུ་ལགས་ལ་འཚམས་འདྲིའི་མཇལ་འཕྲད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་སིད་དྷཱརྠ་བྷ་བྷུ་ (Sidharth Babu) ལགས་དྷ་རམ་ས་ལའི་འབྲེལ་མཐུད་ལས་བྱེད་དུ་བསྐོ་གཞག་བྱུང་བར་འཚམས་འདྲིའི་མཇལ་འཕྲད་གནང་ཡོད། དེ་ཡང་མཇལ་འཕྲད་རིང་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་སིད་དྷཱརྠ་བྷ་བྷུ་ལགས་འབྲེལ་མཐུད་ལས་བྱེད་དུ་བསྐོ་གཞག་བྱུང་བར་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས། ཁོང་གི་ལས་ཡུན་རིང་ལས་དོན་ཐམས་ཅད་འགེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུས་ཡོད། དེ་བཞིན་ནང་སྲིད་བཀའ་བློན་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་དམིགས་ཡུལ་དང་འབྲེལ། རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་གི་བདེ་དོན་གོང་འཕེལ་གཏོང་རྒྱུའི་ལས་འགན་བཅས་ངོ་སྤྲོད་གནང་ཞིང་། ལས་ཁུངས་ཀྱི་ལས་བྱེད་ཀྱི་གྲངས་འབོར་དང་། སྡེ་ཚན་སོ་སོའི་འགན་ཁུར། དེ་དག་གི་ལས་དོན་བྱེད་ཕྱོགས་བཅས་གི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་བཅས།།
དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་གཅིག་དང་མཇལ་འཕྲད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ པའི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་རྒན་པ་ལྕམ་སྐུ་ས་རི་ན་ཝན་ཀ་ (Sarina Vanka, Professional Staff Member for the Senate Appropriations Subcommittee on State, Foreign Operations, and Related Programs) ལགས་དང་ལྷན་མཇལ་འཕྲད་གནང་སོང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གནང་ཞིང་། དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་བ།...
“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་པ་བཀག་འདོམས་མེད་པར་བོད་ནང་བསྐྱོད་བཅུག་དགོས།”
རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་པ་བོད་ནང་བཀག་འདོམས་མེད་པར་བསྐྱོད་བཅུག་དགོས་པའི་འབོད་སྐུལ་གནང་པ།
བཙུན་མ་ ༥༠༠ ཙམ་ལ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་ལུང་ཆེས་ཐོག་མ་སྩལ་བ།
ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྐབས་དགུ་པའི་དགེ་བཤེས་མ་དང་། བཙུན་མའི་འཇང་དགུན་ཆོས་ལ་ཕེབས་པ་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་ཆེས་ཐོག་མ་དེ་སྩལ་གནང་མཛད་འདུག དེ་ཡང་བོད་ཀྱི་བཙུན་མའི་ལས་འཆར་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཁ་སང་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ལོར་རྒྱ་གར་དང་བལ་ཡུལ་གཉིས་ནས་ཐོན་པའི་དགེ་བཤེས་མ་ ༣༣ དང་འཇང་དགུན་ཆོས་ཐེངས་ ༣༠ ནང་མཉམ་ཞུགས་གནང་མཁན་རྒྱ་བལ་གཉིས་ནང་ཡོད་པའི་བཙུན་དགོན་ཁག་གི་བཙུན་མ་རྣམ་པ། དེ་བཞིན་དཔེ་ཁྲིད་དགེ་རྒན་དང་འབྲེལ་ཡོད་བཅས་ཁྱོན་མི་གྲངས་ ༦༠༠ ལྷག་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་ཆེས་ཐོག་མ་དེ་སྩལ་གནང་མཛད་འདུག །འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྤྱི་ཟུར་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་གནདདོན་དེ་དང་འབྲེལ་བཀའ་འདྲི་ཞུས་ཡོད། གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་བརྒྱུད་ནང་བསྟན་གྱི་སྐབས་ ༩ པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོ་འཚོགས་ཡོད་པ་དང་། རྒྱ་བལ་གཉིས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལྔ་ནས་འདི་ལོར་དགེ་བཤེས་མའི་བསླབ་པ་མཐར་སོན་བྱུང་པའི་དགེ་བཤེས་མ་ ༣༣ ཁོང་རྣམས་ནི་སྐབས་དགུ་པ་ཆགས་ཀྱི་ཡོད་པ་མ་ཟད། འདི་ལོའི་འཇང་དགུན་ཆོས་ཐེངས་སུམ་བཅུ་པའི་ཐོག་དགོན་སྡེ་ཁག་བཅུ་གཅིག་གི་བཙུན་མས་མཉམ་ཞུགས་གནང་ཡོད་པ་རེད། དེ་དང་ཆབས་ཅིག་ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པ་བཅས་ནས་༸མགོན་པོ་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྟབས། དེ་རིང་ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ནས་ཉིན་གྲངས་གསུམ་རིང་བརྟན་བཞུགས་ཀྱི་སྒྲུབ་ཤག་འཚོག་བཞིན་འདུག...
བོད་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་སུ་ལོ་ལྔའི་ཁྲིམས་ཐག་བཅད་པ་དང་། དགོན་པའི་ཉེ་འཁོར་གནས་སྡོད་བོད་མིར་རྒྱ་དམར་གཞུང་གིས་བསུན་གཙེར་དང་...
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཡོད་པའི་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་རྒྱ་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༥ ཉིན་འཛིན་བཟུང་བྱས་པ་དང་། ད་ཆ་ཁོང་ལ་དུས་བཀག་བཙོན་འཇུག་ལོ་ལྔ་བྱེད་རྒྱུའི་ཁྲིམས་ཐག་བཅད་འདུག མཁན་ཟུར་བློ་བཟང་བསྟན་པ་ནི། རྭ་རྒྱ་དགོན་པའི་མཁན་རབས་ ༥༤ ཡིན་པ་དང་། ཁོང་ཕྱི་ལོ་ ༡༩༦༥ ལོར་ཙང་ཀི་ཚོ་སྡེ་བཞིའི་ནང་ཚན། ཧཱ་ཤིས་ཧ་སྡེ་བར་ཡབ་སྐལ་བཟང་དར་རྒྱས་ལགས་དང་། ཡུམ་འཕགས་ཅ་ལགས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ནས་བཟུང་སློབ་གྲྭར་ཞུགས་ཏེ་སློབ་ཆུང་མཐར་ཕྱིན། ཕྱི་ལོ་ ༡༩༨༣ ལོར་དགེ་བའི་བཤེེས་གཉེན་ཆེན་པོ་མཁན་ཟུར་བཟོད་པ་རྒྱ་མཚོའི་སྐུ་མདུན་དུ་བཅར་ཏེ། རྭ་རྒྱ་དགོན་དུ་ཆོས་ཞུགས་གནང་། ཁོང་ནི་རྣམ་ཀུན་སློབ་གཉེར་ལ་སྦྱང་བརྩོན་ཆེ་ཞིང་། མི་རིགས་གྱི་ལར་ཞེན་ཆེ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཙང་བའི་སྐྱེས་མཆོག་ཅིག་ཡིན། མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཞབས་བརྟན་བསྒྲུབས་པའི་རྒྱུ་མཚན་གྱིས། ལོ་དེའི་ཕྱི་ཟླ་ ༥ པའི་ནང་མགོ་ལོག་རྨ་ཆེན་རྫོང་ཉེན་རྟོག་པས་བཀག་ཉར་གྱིས་འདྲི་རྩད་སྣ་ཚོགས་བྱས་རྗེས་གློད་བཀྲོལ་བཏང་བ་དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༥...
དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག
འབྲས་ལྗོངས་མངའ་སྡེ་གཞུང་མང་གཉིས་ནས་དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་པའི་གསོལ་འདེབས་ཞུས་པ་ལྟར་རིན་པོ་ཆེ་མཆོག་གིས་ཞལ་བཞེས་མཛད་འདུག The post དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག
འདི་ལོའི་སྟོན་འགོ་ཚུགས་པ་ནས་བཟུང་རྒྱ་ནག་གཞུང་གིས་མི་རིགས་རྒྱ་སྒྱུར་སྲིད་ཇུས་ལག་བསྟར་འོག་ཏུ། བོད་ཡིག་སློབ་གྲྭ་ཁག་གི་ཡིག་ཆ་ཚད་ལྡན་མིན་པར་ཁ་གཡར་ནས། སྔ་རྗེས་སུ་བོད་སྐད་ཡིག་སློབ་གསོ་གཙོ་གཉེར་བྱེད་པའི་སློབ་གྲྭ་ཆུང་འབྲིང་གསུམ་གྱི་སྒོ་བརྒྱབ་འདུག སློབ་གྲྭ་གསུམ་པོ་མགོ་ལོག་རྨ་ཆེན་རྫོང་གི་ཁོངས་སུ་ཡོད་པ་རེད། The post རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག appeared first on བོད་ཀྱི་དུས་བབ།.
ཕྱི་ལོ་༢༠༣༥ ལོར་པེ་ཅིན་གྲོང་ཁྱེར་གྱི་མི་འབོར་གསུམ་ཆ་གཅིག་ལོ་ན་༦༠ བརྒལ་གྱི་འདུག
ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་ལ་མི་འབོར་ཉུང་དུ་འགྲོ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང་། དེ་ཡང་གཞོན་སྐྱེས་ཁྲོད་ཕྲུ་གུ་སྐྱེ་མཁན་ཉུང་དུ་ཕྱིན་པ་དང་། ལས་མི་ཉུང་དུ་འགྲོ་བ། ད་ཡོད་མི་འབོར་ཁྲོད་རྒས་འཁོགས་མང་དུ་ཕྱིན་ནས་ཁྱོན་ཡོངས་ཀྱི་མི་འབོར་ལ་དཀའ་ངལ་ཆེན་པོ་ཞིག་ཡོང་གིན་ཡོད་པར་བརྗོད་འདུག The post ཕྱི་ལོ་༢༠༣༥ ལོར་པེ་ཅིན་གྲོང་ཁྱེར་གྱི་མི་འབོར་གསུམ་ཆ་གཅིག་ལོ་ན་༦༠ བརྒལ་གྱི་འདུག appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གི་དངོས་ཟོག་ཕྱིར་འདྲེན་འཕེལ་ཡང་ནང་ཁུལ་ཉོ་སྒྲུབ་ཉམས་རྒུད།
རྒྱ་ནག་གི་ཁང་ཚོང་ཉམས་རྒུད་སོགས་ལ་བརྟེན་ནས། རྒྱལ་ནང་དུ་དངོས་ཟོག་ཉོ་སྒྲུབ་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ད་ལྟའི་དཔལ་འབྱོར་འཕར་ཚད་དེ་གཙོ་བོ་རྒྱལ་ཁབ་གཞན་ལ་དངོས་ཟོག་ཕྱིར་འདྲེན་བྱས་པར་བརྟེན་ཡོད་ན་ཡང་། དངོས་ཟོག་ཕྱིར་འདྲེན་མང་དྲགས་པའི་རྐྱེན་གྱིས། རྒྱལ་སྤྱིའི་ཐོག་ཚོང་དོན་དོ་མི་སྙོམས་པའི་འགལ་ཟླ་དང་དཀའ་ངལ་ཡང་ཤུགས་ཆེན་འཕྲད་བཞིན་ཡོད་འདུག The post རྒྱ་ནག་གི་དངོས་ཟོག་ཕྱིར་འདྲེན་འཕེལ་ཡང་ནང་ཁུལ་ཉོ་སྒྲུབ་ཉམས་རྒུད། appeared first on བོད་ཀྱི་བང་ཆེན།.
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇར་མན་གྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་གནང་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇར་མན་དུ་གཞུང་འབྲེལ་འཚམས་གཟིགས་ཉིན་མཐའ་མར་ཇར་མན་གྱི་གྲོས་ཚོགས་འཐུས་མི་དང་། Konrad-Adenauer-Stiftung (KAS) གྱི་འགོ་ཁྲིད་རྒན་གྲས་བཅས་དང་མཇལ་འཕྲད་ཀྱིས་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ Paul-Löbe-Haus དུ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand) ལགས་ཀྱི་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་བཀའ་བསྡུར་ལྷུག་པོ་གནང་ཡོད་ཅིང་། སྐབས་དེར་གྲོས་ཚོགས་འཐུས་མིའི་ཁོངས་སུ་འབུམ་རམས་པ་ཀེ་རོ་ལིན་ཝག་ནེར་ (Dr. Carolin Wagner) ལགས་དང་དེ་ཝིཌ་གྲེ་གོ་ཤི་ (David Gregosz) ལགས་བཅས་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད།ཚོགས་འདུའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇར་མན་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་། དེ་བཞིན་བོད་མིའི་ངོ་བོ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གྲོས་ཚོགས་ཀྱི་སྔ་དྲོའི་ལས་རིམ་ཐོག་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་དུ་དྲག་རྒོལ་བྱུང་བའི་གནད་དོན་སྐོར་གླེང་སློང་གནང་བ་དང་འབྲེལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཚན་མོར་དྲག་རྒོལ་བ་ཚོས་དོན་གཅོད་ལས་ཁུངས་དམིགས་དབེན་དུ་བཟུང་ནས་སྣུམ་གྱི་མེ་སྲེག་འབར་མདེལ་གཡུག་སྟེ་ཁང་མིག་གཉིས་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་དང་། སྐབས་དེར་སྐུ་ཚབ་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་སྒེའུ་ཁུངས་ནས་ཕྱིར་ཐོན་ཐུབ་སྟེ་སྨས་སྐྱོན་ཚབས་ཆེ་ཕོགས་མེད་ཀྱང་། དེ་ལྟ་བུའི་དྲག་རྒོལ་ནི་ཉེ་བའི་ཟླ་བ་ཁ་ཤས་ནང་ཐེངས་གཉིས་པ་ཡིིན་པ་གསལ་སྟོན་གནང་སྟེ། འདི་ནི་རྐུན་མ་དང་འཕྲོག་བཅོམ་གྱི་དོན་རྐྱེན་ཙམ་ཞིག་མ་ཡིན་པར་འཇིགས་སྐུལ་དང་གཏོར་བཤིག་བཏང་དགོས་བསམ་པའི་བྱ་སྤྱོད་ཞིག་ཡིན་པ་ནན་བརྗོད་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཡུ་རོབ་རྒྱལ་ཁབ་དང་ལྷོ་ཨ་ཕི་རི་ཀར་རྟེན་གཞི་བྱས་པའི་ཕྱི་འབྲེལ་གཞུང་ཚབ་ཁང་ནས་གནད་དོན་དེར་ཐུགས་འཚབ་ཡོད་པ་གསལ་བསྒྲགས་དང་། འབྲེལ་ཡོད་འཛིན་སྐྱོང་ནས་ཞིབ་འཇུག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པའི་སྐབས་སྐུ་ཚབ་དོན་ཁང་གི་བདེ་འཇགས་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་ཡོད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཞབས་པུས་གཤག་བཅོས་ལེགས་གྲུབ་རྗེས་ད་ལྟའི་ཆར་སྐུ་གཟུགས་གསལ་ཐང་ཐོག་ཉིན་ལྟར་དམངས་ལ་མཇལ་ཁ་སྩལ་བཞིན་པའི་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེར་ཁ་གཡར་ཏེ་བཙན་གནོན་གྱིས་མི་རིགས་བསྲེས་སྒྱུར་བྱེད་བཞིན་པ་དང་སྦྲགས། བོད་ཕྲུག་ས་ཡ་གཅིག་ལྷག་ཙམ་སོ་སོའི་སྐད་དང་རིག་གཞུང་གི་ངོ་བོ། ཆོས་ལུགས་བཅས་དང་ཁ་བྲལ་དུ་བཏང་སྟེ་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭར་བཙན་འཇུག་བྱེད་བཞིན་པའི་སྐོར་བཅས་གསལ་སྟོན་གནང་ཡོད།གཞན་ཡང་རྒྱ་ནག་གིས་བོད་ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་བྱས་པའི་བརྒྱུད་བོད་མཐོ་སྒང་གི་ཁོར་ཡུག་དང་། དེ་བཞིན་རྒྱལ་ཁབ་གཞན་གྱི་ཆུའི་བདེ་འཇགས་ལ་གནོད་སྐྱོན་འཕྲད་བཞིན་པར་སེམས་འཚབ་བསྟན་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གྱིས། ཇར་མན་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་ཆེད་འཛུགས་གནང་དགོས་པའི་འབོད་སྐུལ་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམས་ལ་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་འཚམས་གཟིགས་སུ་ཕེབས་རྒྱུའི་མགྲོན་འབོད་གནང་ཡོད། ཉིན་རྒྱབ་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ Konrad-Adenauer-Stiftung...
བཙུན་མ་ལྔ་བརྒྱ་ལྷག་ལ་འཕགས་བོད་གྲུབ་ཆེན་སྐྱེས་མ་ ༢༡ གི་གསོལ་འདེབས་ལྗགས་ལུང་བསྩལ་བ།
རྒྱ་བལ་གཉིས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལྔ་ནས་དགེ་བཤེས་མ་ ༣༣ ཐོན་པ།
ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།
བཀྲ་ཤིས་བདེ་ལེགས། ཐོག་མར་བོད་ཀྱི་དུས་བབ་གསར་ཁང་གི་ལོ་འཁོར་དུས་དྲན་ལ་འཚམས་འདྲིའི་བཀྲ་བདེ་ལེགས་ཞུ་རྒྱུ་དང་། དེ་ནས་ཁོ་བོ་འདིར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ། The post ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད། appeared first on བོད་ཀྱི་དུས་བབ།.
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༨ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་སྐབས་དགུ་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་གོ་སྒྲིག་ཚོགས་ཆུང་གིས་སྤོས་སྣེ་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་གསུང་ཆོས་ར་བར་༸ཞབས་སྟེགས་སུ་འཁོད་མཚམས་བཙུན་མའི་འཇང་དགུན་ཆོས་དང་མཛད་སྒོ་གོ་སྒྲིག་ཚོགས་ཆུང་འཐུས་མིས་མཎྡལ་རྟེན་གསུམ་འདེགས་འབུལ་དང་། དགེ་བཤེས་མའི་བསླབ་པ་མཐར་སོན་པ་རྣམས་ཀྱིས་མཇལ་ཁ་ཞུས།དེ་རྗེས་དགེ་བཤེས་མ་རྣམས་ཀྱིས་ཐེག་ཆེན་སེམས་བསྐྱེད་སྐོར་གྱི་རྟགས་གསལ་གཟིགས་འབུལ་དང་། འཇང་དགུན་ཆོས་ཀྱི་ཆོས་ཐོག་ལ་ཕེབས་པའི་བཙུན་མ་རྣམས་ཀྱིས་རྣམ་འགྲེལ་རྩ་བའི་མཆོད་བརྗོད། རྟོག་པའི་དྲ་བ་རྣམ་བསལ་ལས་འཕྲོས་ཏེ་༸རྒྱལ་དབང་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལྟར་གྱི་གང་ཟག་གི་བདག་ངོས་བཟུང་བ། གང་ཟག་གི་བདག་མེད་སྒྲུབ་པའི་རྟགས་ཡང་དག་སྐོར་གྱི་རྟགས་གསལ་བཅས་རིམ་པར་གཟིགས་འབུལ་ཞུས་རྗེས། མགོན་པོ་གང་ཉིད་མཆོག་གིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་བྱ་བ། སྲིད་ཞི་བདེན་སྟོང་མཉམ་པ་ཉིད་གཟིགས་པས། ། ཕོ་མོ་མཉམ་ཉིད་གདོད་ནས་དག་པའི་གཤིས། ། ངོ་མཚར་རྟེན་འབྱུང་ཆོས་ཉིད་གསལ་མཛད་པའི། ། ཐུབ་དབང་སྨྲ་བའི་དབང་པོར་མགོས་ཕྱག་འཚལ། ། ཞེས་སོགས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་རྗེས་སྐུ་པར་ལྷན་སྒྲོན་མཛད།མཐར་མགོན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་གནས་གཟིགས་དང་། ཐུབ་དབང་ལྷ་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་བས་རྩོད་རྒྱུགས་གཏོང་བཞིན་པར་འཁྱུག་ཙམ་རིང་གཟིགས་ཞིབ་མཛད་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །
མགོ་ལོག་ར་རྒྱའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ལོ་ ༢༡ རྗེས་སུ་སྒོ་བརྒྱབ་པ།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་བཞིན་ད་ལོ་སློབ་དུས་གསར་པ་འགོ་བཙུགས་པའི་སྐབས་དེར་རྒྱ་ནག་གཞུང་གིས་སྒོ་བརྒྱབ་པ།
མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག
མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་ལགས་རྒྱ་ནག་བདེ་འཇགས་མི་སྣས་ད་ལོ་ཡང་བསྐྱར་འཛིན་བཟུང་གིས་ཉེ་སྔོན་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ནས་ཟི་ལིང་བཙོན་ཁང་དུ་བཅུག་ཡོད་པ་རེད། The post མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག appeared first on བོད་ཀྱི་དུས་བབ།.
“བློ་ཁོག་ཆེ་ཙམ་དང་བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས།”
གློག་བརྙན་བཟོ་མཁན་བོད་པའི་བེུད་གཞོན་སྐྱེས་ཤིག་གི་རང་གི་མྱོང་ཚོར་གློག་བརྙན་དུ་བཟོས་པ།
ས་གནས་འགོ་འཛིན་ལས་ཁུངས་ཁག་གི་རྩིས་པ་རྣམས་ལ་འཇོན་རྩལ་ནུས་སྤེལ་གྱི་ཟབ་སྦྱོང་འགོ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༦ ནས་ ༢༣ བར་ཉིན་གྲངས་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དྷ་སའི་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་རྩིས་པ་གསར་པ་དང་ཉམས་མྱོང་ལོ་ལྔ་ལས་ཉུང་བའི་རྩིས་པ་རྣམས་ལ་རྩིས་པའི་འཇོན་རྩལ་ནུས་སྤེལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་ཅིང་། སྐབས་དེར་ས་འགོ་ལས་ཁུངས་ཁག་གི་རྩིས་པ་ ༢༢ མཉམ་ཞུགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༡༦ ཉིན་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས། དྲུང་འཕར་བསོད་ནམས་བཟང་པོ་ལགས། འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཀུན་བཟང་ལགས། ནང་ཞིབ་བསྟན་འཛིན་རྣམ་སྒྲོལ་ལགས། ནང་སྲིད་ལས་ཁུངས་ཀྱི་རྩིས་པ་བཅས་ཕེབས་ཞུགས་གནང་ཡོད། སྐབས་དེར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཟབ་སྦྱོང་གི་ངོ་སྤྲོད་དང་དགོས་དམིགས་དང་འབྲེལ། ཚོགས་བཅར་བ་རྣམས་ཀྱི་དངུལ་རྩིས་སྟངས་འཛིན་དང་། རྩིས་ཀྱི་འགྲོ་ལུགས། འཛིན་སྐྱོང་གི་འགན་ཁུར་བཅས་ཀྱི་ཐོག་ཤེས་ཚད་དང་ལག་ལེན་ལྡན་པའི་སྩལ་གོང་མཐོར་གཏོང་རྒྱུ་ནི་གལ་གནད་ཆེན་པོ་ཡིན་པའི་ཐོག་ནན་བརྗོད་གནང་གྲུབ་རྗེས་ནང་སྲིད་བཀའ་བློན་མཆོག་ནས་གསུང་བཤད་གནང་།ཟབ་སྦྱོང་གི་དམིགས་ཡུལ་ནི་རྩིས་པ་རྣམས་ལ་རྩིས་ཀྱི་འགྲོ་ལུགས་དང་། རྩིས་ཁྲ་ཉར་འཇོག་བྱེད་སྟངས། མཐའ་མའི་རྩིས་ཁྲ་དང་དངུལ་རྩིས་སྙན་ཞུ་འབུལ་ཕྱོགས། སྔོན་རྩིས་གྲ་སྒྲིག འབབ་ཁྲལ། དངོས་ཟོག་དང་ཞབས་ཞུའི་ཁྲལ། ཕྱི་དངུལ་ལེན་བེད་ཕྱོགས་པའི་ཁྲིམས་སྒྲིག་བཅས་ཀྱི་ཐོག་ལག་ལེན་ལྡན་པའི་སྦྱོང་བརྡར་དང་ལམ་སྟོན་གནང་བའི་བརྒྱུད་རྩིས་ཀྱི་འཇོན་སྩལ་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན་ཞིང་། ཟབ་སྦྱོང་ཁྲོད་སྤྱི་བཏང་འཛིན་སྐྱོང་དང་། ལས་གཞི་ཁག་ལག་བསྟར། ལས་འཆར་ཁག་འབྲི་སྟངས་དང་སྙན་ཐོ་འབུལ་ཕྱོགས། རྩིས་ཞིབ་ཀྱི་སྙན་ཐོའི་ལན་འདེབས་གྲ་སྒྲིག དེ་བཞིན་རྩིས་ཀྱི་ནུས་པ་གོང་མཐོར་གཏོང་སླད་ Tally Prime དང་བཅོས་མའི་རིག་རྩལ་བེད་སྤྱོད་བྱེད་ཕྱོགས་བཅས་ཀྱི་ཐོག་སྦྱོང་བརྡར་གནང་རྒྱུ་ཡིན་པ་རེད།...
བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་གཉིས་པ་བསྐོང་ཚོགས།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༣ ཉིན་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་ཚོགས་གཞོན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དབུ་བཞུགས་ཐོག་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་གཉིས་པ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཁྲོད་འགན་འཛིན་ལྷན་ཚོགས་ཐེངས་ ༤༡ ཐོག་བཞག་པའི་ཚིག་ཐོ་རྣམས་ལ་གཏན་འབེབས་དང་། ཚོགས་འདུ་མ་ཚོགས་གོང་གཏན་འབེབས་གནང་ཟིན་པའི་ཐག་གཅོད་ཁག་ལ་བསྐྱར་ཞིབ། འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༨ དང་ ༢༩ ཐོག་བཞག་པའི་གྲོད་ཆོད་ཁག་ལ་བསྐྱར་ཞིབ་དང་གཏན་འབེབས། དེ་སྔོན་གྱི་འགན་འཛིན་ལྷན་ཚོགས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་དག་ལག་བསྟར་ཇི་བྱས་སྙན་ཐོ་ཁག་ལ་བསྐྱར་ཞིབ་བཅས་གནང་ཡོད། ཚོགས་འདུའི་ཐོག་ཚོགས་མི་རྣམས་ནས་ཧུར་བསྐྱེད་ཀྱི་མཉམ་ཞུགས་གནང་བའི་བརྒྱུད་འབྲེལ་ཡོད་ལས་དོན་ཁག་ལ་སོ་སོའི་བསམ་ཚུལ་དང་མཐོང་སྣང་མཉམ་སྤྱོད་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༥་་་༢༠༢༦ ལོའི་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་དངུལ་རྩིས་སྙན་ཐོ་དང་ལས་གཞི་ཁག་གི་སྙན་ཐོ་ཁག་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་ཞིང་། བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་ Gas Agency དང་འབྲེལ་བའི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད། མཐར་ཚོགས་མི་རྣམས་ནས་གྲོས་ཆོད་ཁག་ལ་གྲོས་བསྡུར་དང་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་ལས་གཞི་ཁག་ལ་བསྐྱར་ཞིབ་གནང་རྗེས་ཚོགས་འདུ་མཇུག་བསྒྲིལ་ཡོད་པ་བཅས། །
ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་བོད་སློབ་ཁག་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༡ ནས་ ༡༣ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭ་ཁག་ལ་འཚམས་གཟིགས་གནང་ཡོད། དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། དེང་དུས་ཤེས་ཡོན་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་སྦེལ་ཀོབ་ཏུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི། སྤྱི་མི། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་ཤེས་རིག་བཀའ་བློན་མཆོག་བཀྲ་ཤིས་ལྷུན་པོ་དགོན་པའི་སློབ་གྲྭར་ཕེབས་འབྱོར་སྐབས་དགོན་པའི་མཁན་པོ་དང་སློབ་སྤྱི་ནས་ཕེབས་བསུ་ཞུས་གྲུབ་རྗེས། སློབ་གྲྭའི་འཛིན་ཁང་དང་ལས་ཁུངས་ཁག་ཏུ་གཟིགས་ཞིབ་ཀྱིས་འཛིན་སྐྱོང་ལས་བྱེད་རྣམས་དང་བཀའ་བསྡུར་གནང་ཡོད། ཆུ་ཚོད་ ༡༠ ཐོག་བཀའ་བློན་མཆོག་གིས་ལུགས་བསམ་མི་མང་ཚོགས་ཁང་དུ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་གཞིས་མི་རྣམས་ལ་གསུང་བཤད་གནང་བའི་སྐབས། ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་གནང་བའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་དེའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་ཞིང་། སྲིད་བྱུས་དེ་བཞིན་ལག་བསྟར་ཡོང་བར་ཕ་མ་རྣམས་ནས་སློབ་གྲྭའི་འཛིན་སྐྱོང་དང་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། སློབ་གྲྭ་ཁག་ཏུ་གཟིགས་སྐོར་སྐབས་གཞི་རིམ་འོག་མའི་སློབ་མ་རྣམས་ཀྱི་བོད་ཡིག་ཀློག་འདོོན་ཡག་པོ་ཡོད་པ་དང་། འཛིན་རིམ་བཞི་པ་ནས་ཨིན་ཡིག་སྦྱང་འགོ་བཙུགས་པའི་སློབ་མ་རྣམས་ལ་ཨིན་ཡིག་སྦྱོང་བ་དང་ཀློག་པར་དཀའ་ངལ་མེད་པའི་སྐོར་གསུངས།གཞན་ཡང་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་སྐོར་འགྲེལ་བརྗོད་གནང་སྟེ། ཕ་མ་རྣམས་ནས་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུ་དང་ལྷན་བོད་སྐད་ཤོད་པ་དང་། བོད་པའི་དུས་སྟོན་ཁག་སྲུང་བརྩི།...
རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག
རྒྱ་དཀར་ནག་གཉིས་བར་རྩོད་གཞི་རུ་གྱུར་ཡོད་པའི་ས་ཁུལ་གྱི་ས་མིང་ས་ཁྲའི་སྟེང་བཀོད་པར་རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་ལན་འདེབས་བྱས་འདུག The post རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག appeared first on བོད་ཀྱི་དུས་བབ།.
ཟླ་བ་གསུམ་གྱི་ནང་ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་ལ་ས་སྣུམ་འབར་རྫས་ཀྱི་དོན་རྐྱེན་ཐེངས་གཉིས་བྱུང་།
ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༡༥ ཉིན་Daily Maverick ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༡༤ The post ཟླ་བ་གསུམ་གྱི་ནང་ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་ལ་ས་སྣུམ་འབར་རྫས་ཀྱི་དོན་རྐྱེན་ཐེངས་གཉིས་བྱུང་། appeared first on བོད་ཀྱི་བང་ཆེན།.






















