གངས་ཅན་སྐྱིད་གཤོང་གི་ས་ཆ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཐོག་ཏུ་མིང་སྒྱུར་ཟིན་པ།
དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་ཐོག་ཏུ་ཡོད་པའི་གངས་ཅན་སྐྱིད་གཤོང་གི་ས་ཆ་དེ་དག་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཐོག་ཏུ་མིང་སྒྱུར་དགོས་པའི་བཀའ་འབྲེལ་གནང་བ་བཞིན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ས་ཆ་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་རང་གི་མཚན་ཐོག་ཏུ་བསྒྱུར་ཟིན་ཡོད་པ། དེ་རིང་སྟེ་ཕྱི་ཟླ་ ༩ ཚེས་ ༡༧ ཉིན། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཐོག ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྐོར་ལ་བགྲོ་གླེང་གནང་སྐབས། ནང་སྲིད་བཀའ་བློན་མཆོག་ནས་གསལ་བཤད་གནང་བ་ཞིག་རེད། །





