ད་བར་གྱི་སྨོན་ལམ་མངོན་འགྱུར་རིམ་པར་ཕྱིར་ལྟ།
ལས་རིམ་འདིའི་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཕྱི་ལོ་ ༢༠༢༣ ནས་དབུ་འབྱེད་གནང་བའི་སྨོན་ལམ་མངོན་འགྱུར་ལས་གཞིའི་དུས་རིམ་ཁག་གི་ནང་། བོད་ཡིག་བརྡ་འཕྲིན་འཕྲུལ་རིག་གི་ཐོན་རྫས་གསར་གཏོད་དང་། སྤུས་ཚད་ལེགས་བཅོས། ཁྱད་ཆོས་གསར་སྣོན་བཅས་ཇི་ལྟར་གནང་བའི་བརྒྱུད་རིམ་སྟེ། ཐོག་མའི་གསར་གཏོད་ནས་བར་དུ་རྒྱ་བསྐྱེད་དང་། མཐའ་མར་འཐུས་ཚང་དུ་ཇི་ལྟར་བཏང་བའི་སྐོར་གྱི་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ཡོད། །





