བཀའ་སྤྱིའི་ལས་འགུལ་དང་འབྲེལ་བའི་དམིགས་བསལ་བཅར་འདྲི།

2 hours ago

མི་རིང་བར་ཟླ་བ་འདིའི་ཚེས་ ༢༠ ཉིན་སྟེ། བོད་རང་དབང་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་ཁོང་འདས་གྲོངས་སུ་གྱུར་ཏེ་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ལྷན་རྒྱས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་དང་། དེ་རྗེས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གཏན་འཁེལ་ཡོད། ལས་འགུལ་དེ་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་གིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ལ། ཐེངས་འདིའི་ལས་འགུལ་གྱི་གལ་གནད་དང་། དེ་མིན་བོད་དོན་ཞུ་གཏུག་དང་འབྲེལ་བའི་ལས་འགུལ་གཞན་སྤེལ་མུས་དང་སྤེལ་འཆར་ཇི་ཡོད་སོགས་ཀྱི་སྐོར་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད།
Watch on YouTube