བསྟན་འཛིན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

4 hours ago

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

དེ་རིང་ཕྱི་ཚེས་ ༢༤ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་ཏེ།  ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་འོག  ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཐོག་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸ གོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲུང་ཆེ་བསྟན་འཛིན་ལེགས་བཤད་ལགས་ནི། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༡༧ ཉིན་ནས་དྲུང་ལས་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་བསྐོ་གཞག་དང་། ཕྱི་ལོ་ ༢༠༠༣ ཟླ་ ༢ ཚེས་ ༢༠ ཉིན་ཕྱི་དྲིལ་ལས་ཁུངས་སུ་དྲུང་ལས་ཀྱི་གནས་རིམ་ཐོག་ཚོད་ལྟ་ལས་འགན་བཀོད་སྒྲིག་གནང་། དེ་ནས་ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༣ ཉིན་ཕྱི་དྲིལ་ལས་ཁུངས་སུ་ལས་ངོར་ལས་འགན་རང་འཇགས།

ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༨ ཉིན་གཞུང་མིན་སློབ་བསྐྱོད་ནས་ཕྱིར་འཁོར་གྱིས་ལྡི་ལི་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༢ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར།

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལྡི་ལི་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་དུ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༡ ཉིན་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་ལྡི་ལི་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༥ ཉིན་ཟུང་དྲུང་གནས་རིམ་ཐོག་གནས་སྤར་གྱིས་ལྡི་ལི་དོན་ཁང་དུ་ལས་འགན་རང་འཇགས།

ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ཉིན་ནས་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པར་བསྐོ་གཞག་གནང་ཡོད།

གས

The post བསྟན་འཛིན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག appeared first on བོད་ཀྱི་དུས་བབ།.

Original Article