བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༧ Tibet TV Daily News– August 27, 2026

3 hours ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚོགས་པ། ◆ བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ པ་དབུ་འཛུགས་གནང་བ། ◆ དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གཙོ་བཞུགས་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༨ པ་དབུ་འཛུགས་གནང་བ། ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གངས་སྐྱིད་དཔེ་སྟོན་སློབ་གྲྭར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ། ◆ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ པའི་སྔ་རོལ་དུ་སུད་སི་སྐུ་ཚབ་དོན་ཁང་ནས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ལ་བོད་དོན་ཞུ་གཏུག་གནང་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv
Watch on YouTube