བོད་དོན་དང་འབྲེལ་བའི་ཁབ་བཙགས་ལས་འགུལ་སྤེལ་བ།

3 hours ago

བོད་དོན་དང་འབྲེལ་བའི་ཁབ་བཙགས་ལས་འགུལ་སྤེལ་བ། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་གནང་ནས་དེ་རིང་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་བདུན་ཚིགས་དྲུག་པ་དང་སྟབས་བསྟུན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་སྒྲིག་འོག་བོད་དོན་དང་འབྲེལ་བའི་ཁབ་བཙགས་ལས་འགུལ་ཞེས་པ་ཞིག་གཙུག་ལག་ཁང་གི་མདུན་ངོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་སྤེལ་གནང་སོང་། སྐབས་དེར་གཞོན་སྐྱེས་མང་པོ་ཞིག་ཁབ་བཙགས་རྒྱག་ཏུ་སླེབས་འདུག་ཅིང་། ཁོང་རྣམས་ཀྱིས་ཀྱང་ད་རེས་ཀྱི་ཁབ་བཙགས་རྒྱག་དགོས་དོན་དེ་ཡང་སྤྱིར་བློ་དགའ་རང་ལ་རྗེས་དྲན་ཞིག་དང་། ཡང་སྒོས་ཁབ་བཙགས་འདི་མཐོང་དུས་རང་ཉིད་བོད་པ་ཞིག་ཡིན་པ་དྲན་པའི་ཆེད་དུ་ཡིན་ཞེས་གསུངས་གནང་གི་འདུག
Watch on YouTube