བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༢༡ | དབུས་སྐད་ལས་རིམ།

3 hours ago

1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་ལྟར་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་ཡོད་པ། 2 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དགོན་པ་ཡུལ་གྱི་སྟོན་པའི་སྐུ་བརྙན་དང་མཆོད་རྟེན་ལ་རབ་གནས་གནང་བ། 3 བློ་དགའ་རང་བཙན་ལགས་འདས་གྲོངས་ཕྱིན་ནས་ཞག་ ༤༩ སོང་བའི་ཉིན་ནང་མི་ཚོས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཁོང་གི་དགོས་འདུན་དང་འབྲེལ་བའི་ཞུ་འབོད་གནང་ཡོད་པ། 4 རྒྱ་གར་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་རྒྱག་བཞིན་པའི་ཆུ་མཛོད་དང་དེའི་ཉེན་ཁ་སོགས་ཀྱི་གནས་ཚུལ་མཉམ་སྤྱོད་དགོས་པ་བརྗོད་པ། 5 རྒྱ་ནག་གཞུང་གིས་བོད་དུ་དམ་དྲག་བྱེད་མཁན་གྱི་འགོ་ཁྲིད་དཔུང་ཁག་གསོ་སྐྱོང་བྱེད་བཞིན་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་འདུག 6 ལོན་ཌོན་གྱི་རྒྱ་ནག་གཞུང་ཚབ་ཁང་དུ་གློག་རྒྱུག་མཚོན་ཆ་ཉར་ཡོད་པའི་དོགས་གཞིར་དབྱིན་གཞུང་གིས་བརྟག་དཔྱད་བྱ་དགོས་ཞེས་ཡོངས་ཁྱབ་ཡི་གེ་ཞིག་བཏང་པ། 7 ཧོང་ཀོང་ནང་ལོ་ལྟར་དྲུག་བཞི་ལས་འགུལ་གྱི་དྲན་གསོ་གོ་སྒྲིག་པ་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་ངན་སྐུལ་བྱས་པའི་ཉེས་བཙུགས་བྱས་འདུག། 8 བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་གཞུང་འབྲེལ་མཆོད་འབུལ་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ། 9 ཨ་རི་དང་ཨོ་སི་ཁྲུ་ལི་ཡའི་ནང་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་བློ་དགའ་ལགས་དམ་པར་རྗེས་དྲན་དང་བོད་དོན་ལས་འགུལ་སྤེལ་ཡོད་པ། 10 རྒྱ་གར་ལྷོ་ཕྱོགས་སུ་བོད་པའི་གཞོན་སྐྱེས་ཚོས་བློ་དགའ་ལགས་དམ་པར་རྗེས་དྲན་དང་མཆོད་འབུལ་གནང་ཡོད་པ། 11 རྒྱ་གར་གྱི་ཀོལ་ཀ་ཏ་གྲོང་ཁྱེར་དུ་རྒྱ་ནག་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་མདུན་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་རྔམ་སྟོན་ལས་འགུལ་སྤེལ་བ། 12 དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་དགེ་བཤེས་ལྷ་རམ་པ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་པ། 13 ལ་དྭགས་སུ་ཕྱི་རྒྱལ་མི་སྣ་ཁག་༧གོང་ས་མཆོག་མཇལ་ཁར་བཅར་མཁན་མང་པོ་ཡོད་པ་དང་། མཇལ་ཁ་ཞུས་རྗེས་སེམས་འགུལ་ཐེབས་པ་སོགས་ཚོར་སྣང་འདྲ་མིན་བྱུང་བཞིན་ཡོད་པ། 14 འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་ཕྱི་ཟླ་ ༨ ཚེས་ ༨ ཉིན་དགོངས་པ་རྫོཊ་ཏེ་ཉིན་གྲངས་དགུའི་རིང་ཐུགས་དམ་ལ་བཞུགས་ཡོད་པ། 15 བོད་མི་ཚོས་རྒྱ་གར་རང་བཙན་གྱི་དུས་ཆེན་སྲུང་བརྩི་ཞུས་པ། 16 ལ་དྭགས་སུ་ཡོད་པའི་བོད་པའི་མི་རབས་གསུམ་གྱིས་མཉམ་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/34891758?utm_source=youtube
Watch on YouTube