ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་ཁུངས་སུ་བོད་དོན་ཞུ་ཡིག་ཕུལ་བ།

2 hours ago

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་ངོ་རྒོལ་དང་སྐུ་ལུས་མེར་མཆོད་ཕུལ་བའི་ཁྲོད། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་མི་རྣམས་ནས་ངོ་རྒོལ་སྐད་འབོད་དང་ཟས་བཅད་ངོ་རྒོལ། བོད་དོན་གོམ་བགྲོད་དང་མཆོད་འབུལ་སྨོན་ལམ། སྐྲ་བཞར་སོགས་ལས་འགུལ་རྣམ་པ་འདྲ་མིན་སྤེལ་མུས་ཡིན་པའི་ཁྲོད། ཁ་ཉིན་ཕྱི་ཚེས་ ༩ ཉིན་ཨིན་ཡུལ་ནང་དུ་གནས་སྡོད་བོད་མི་བསྟན་འཛིན་གྲགས་པ་ལགས་དང་། ཟླ་བ་ཚེ་རིང་ལགས་གཉིས་ཀྱིས་ Stand for Tibet: European Alps Tour 2026 ཞེས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང་གཡས་གཡོན་གྱི་ཡུ་རོབ་རྒྱལ་ཁབ་བཅས་ཁྱོན་རྒྱལ་ཁབ་ ༣༢ ནང་གི་གཞུང་ཚོགས་ཁག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་བཅས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། ཁ་སང་ཚེས་ ༡༠ ཉིན་ལས་འགུལ་བ་གཉིས་པོས་ཡུ་རོབ་རྒྱལ་ཁབ་ Belgium ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་ཁུངས་སུ་བཅར་ཏེ། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་པར་དང་འབྲེལ་བའི་བོད་དོན་ཞུ་ཡིག་དང་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྐོར་སྙན་སེང་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ཐད་ངེས་པར་དུ་གླེང་སློང་གནང་དགོས་པ་དང་། བོད་དོན་ཐད་བཞེངས་ཕྱོགས་བརྟན་པོ་འཛིན་དགོས་པའི་ཞུ་འབོད་འཁོད་པའི་ཞུ་སྙན་ཕུལ་གནང་འདུག བོད་མི་སྒེར་གཉིས་ཀྱི་ལས་འགུལ་དེར་ Global Alliance for Tibet & Persecuted Minorities འམ་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ནས་ཕྱག་རོགས་མཐུན་འགྱུར་གནང་བཞིན་ཡོད་པ་རེད། Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube