རྒྱ་ནག་གི་སྲིད་བྱུས་ལ་གདོང་ལེན་དང་བྱིས་པའི་དཔེ་ཀློག་ལ་སྤྲོ་སྣང་གོང་འཕེལ་གྱི་ལས་གཞི།

3 hours ago

དཔེ་དེབ་ཀྱི་རོགས་སྐྱོར་ཐེབས་རྩའི་གོ་སྒྲིག་འོག བཙན་བྱོལ་ནང་གི་མི་མང་དཔེ་མཛོད་ཁག་གི་དོ་དམ་པ་ལྷན་འཛོམས་ཀྱིས། བྱིས་པ་ཚོའི་དགའ་ཕྱོགས་དང་བསྟུན་ནས་དཔེ་ཀློག་ལ་སྤྲོ་བ་བསྐྱེད་པ་དང་། ཁོ་ཚོའི་བསམ་བློའི་གོ་རྟོགས་དང་མཐུན་པའི་དེབ་རིགས་ངོ་སྤྲོད་བྱེད་པའི་ལས་གཞི་ཐེངས་དང་པོ་ཞིག ནོར་བུ་གླིང་གར་ཡོད་པའི་དཀར་ཆུང་བྱིས་པའི་དཔེ་མཛོད་ཁང་དུ་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ནས་ཕྱི་ཟླ་ ༡ ༡ པའི་ཚེས་ ༤ བར་ཉིན་གྲངས་ལྔའི་རིང་ཚོགས་ཡོད་ཅིང་། ཉིན་གསུམ་རིང་ཕན་ཚུན་བསམ་བློ་བརྗེས་རེས་དང་གོ་བསྡུར་སོགས་བྱས་ཡོད། ལས་གཞི་དེ་ཡང་རོ་ཝེལ་བོད་ཀྱི་ཐེབས་རྩ་དང་། བོད་ཀྱི་ཐེབས་རྩ་གཉིས་ཀྱི་མཐུན་གྱུར་རོགས་རམ་འོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་འདུག
Watch on YouTube