185-Km Run Raises Awareness for Tibet, Honours Lobga Rangzen

2 hours ago

སྦེང་ལོར་ནས་ཧུན་སུར་བར་སྤྱི་ལེ་༡༨༥ བོད་དོན་རྒྱང་རྒྱུགས། སྦེང་ལོར་ནས་ཧུན་སུར་རབས་རྒྱས་གླིང་གཞིས་ཆགས་བར་སྤྱི་ལེ་༡༨༥ རིང་། བོད་དོན་དྲིལ་བསྒྲགས་དང་། རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་བཅའ་ཁྲིམས”ལ་ངོ་རྒོལ། རང་བཙན་བློ་དགའ་ལགས་ལ་རྒྱབ་སྐྱོར་ཆེད། མི་ལྔས་ཉིན་བཞི་ལྷག་རིང་རྒྱང་རྒྱུགས་གནང་སྟེ། ཕྱི་ཟླ་༨ པའི་ཚེས་༡༩ ཉིན་ཧུན་སུར་དུ་འབྱོར་ཡོད། ལམ་བར་དུ་བོད་དོན་གྱི་གནས་བབ་རྒྱ་གར་མི་མང་ལ་ངོ་སྤྲོད་དང་། དབྱིན་ཡིག་དང་ཀར་ན་ཀྲའི་སྐད་ཡིག་ནང་གི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་བྱས་ཡོད། ཧུན་སུར་དུ་འབྱོར་སྐབས་ས་གནས་མི་མང་གིས་དགའ་བསུ་ཞུས་ཤིང་། དེ་དང་བསྟུན་རང་བཙན་བློ་དགའ་ལགས་ཀྱི་དགོངས་རྫོགས་ཞེ་དགུའི་མཆོད་འབུལ་སྨོན་ལམ་ལ་ཡང་མཉམ་ཞུགས་གནང་ཡོད། ལས་འགུལ་འདི་ནི་ས་གནས་ཚོགས་པ་ཁག་བཞིས་མཉམ་འབྲེལ་གོ་སྒྲིག་བྱས་ཤིང་། བོད་དོན་གྱི་གནས་བབ་རྒྱ་གར་མི་མང་ལ་ངོ་སྤྲོད་དང་ཤེས་རྟོགས་སྤེལ་བའི་ལས་འགུལ་གལ་ཆེན་ཞིག་ཆགས་ཡོད།
Watch on YouTube