བོད་མིའི་སྒྲིག་འཛུགས། - Tibet Tribune

བོད་མིའི་སྒྲིག་འཛུགས།

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྱི་ཉམས་ཞིབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢།༠༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་བློ་འདོན་ལྟེ་གནས་ཁང་འདྲ་མིན་གྱི་བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁག་གཅིག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་སོང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༧ འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ཐོག་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཆིབས་བསྒྱུར་བསྐྱངས་ནས་མའོ་ཀྲུ་ཞིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་མཇལ་འཕྲད་དང་། རྒྱ་ནག་འཐུས་མིའི་ཚོགས་ཆེན་ནང་ལའང་ཕེབས་གནང་མཛད་ཡོད་པ། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་ཤིང་། སྐབས་དེའི་རྒྱ་གར་གནད་ཡོད་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ནང་ཕེབས་གནང་མཛད་ཡོད། རྒྱ་གར་གྲོས་ཚོགས་ནང་འཐུས་མི་རྣམ་པས་སྲིད་བློན་སོགས་ལ་དྲི་བ་འབུལ་སྟངས་དང་། བགྲོ་གླེང་གནང་སྟངས། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལྟ་བུ་མི་རེ་གཉིས་ཀྱིས་གང་བཤད་བཤད་མ་ཡིན་པར་གཟིགས་རྗེས། མགོན་པོ་མཆོག་རྒྱ་གར་གྱི་མང་གཙོའི་འགྲོ་ལུགས་ལ་ཐུགས་ཡིད་དབང་འཕྲོག་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་ལེགས་བཅོས་ལས་ཁུངས་དང་། གྱོད་ཞིབ་ལས་ཁུངས་གསར་འཛུགས་བསྐྱངས་ཏེ་སྔོན་མའི་བོད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གནང་འགོ་བཙུགས་ཀྱང་། ཕྱི་ལོ་ ༡༩༥༩...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་མཆོག་གིས་འཛམ་གླིང་ཁྲོད་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་ལ་རྒྱབ་སྐྱ...

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་མཆོག་གིས་ Palm Sunday Mass ཐོག་འཛམ་གླིང་སྟེང་ཞི་བདེའི་འབོད་སྐུལ་གནང་བར་རྒྱབ་སྐྱོར་མཛད་ཡོད། དེ་ཡང་མགོན་པོ་མཆོག་གིས་པོབ་ལིའོ་མཆོག་གིས་མཚོན་ཆ་དང་འཚེ་བ་དོར་དགོས་པའི་འབོད་སྐུལ་དེ་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་བསླབ་བྱ་སྙིང་དོན་དེ་ཡིན་པ་དང་། བྱམས་པ་དང་། བརྩེ་བ། སྙིང་རྗེ། བཟོད་བསྲན་བཅས་ནི། ཡི་ཤུ་དང་ནང་པ། ཁ་ཆེ། ཧིན་རྡུ་སོགས་ཆོས་ལུགས་ཆེ་ཁག་ཐུན་མོང་གི་བསླབ་བྱ་གཅིག་མཚུངས་ཡིན་སྐོར་བཀའ་སྩལ་ཡོད། དེ་བཞིན་འཚེ་བ་ནི་ཆོས་ལུགས་གང་དུའང་མེདཔ་དང་། ལོ་རྒྱུས་ཐོག་ནས་ཕྱིར་བལྟས་བྱེད་ཚེ་འཚེ་བས་འཚེ་བ་ཁོ་ན་མ་གཏོགས་གཞི་བདེའི་རྩ་བ་ནམ་ཡང་བསྐྲུན་མི་ཐུབ་ཅེས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་དང་། ཨུ་རུ་སུ་དང་ཡུ་ཀེ་རེན་དབར་གྱི་དམག་འཁྲུག་རྣམས་གྲོས་མོལ་དང་། རྒྱལ་འབྲེལ་ཐབས་བྱུས། ཕན་ཚུན་བསམ་བསམ་ཤེས་བཅས་ཀྱི་སྒོ་ནས་སེལ་ཐབས་དགོས་པའི་ལམ་སྟོན་མཛད་ཡོད་པ་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཁྲུག་རྩོད་དེ་དག་མྱུར་དུ་མཚམས་འཇོག་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་བཅས།།

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་གསར་པ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༣༡ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་མཐུན་འགྱུར་འོག་གསར་བཞེངས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་གསར་པ་དབུ་འབྱེད་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསུང་འདོན་གྱིས་རབ་གནས་གནང་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཤག་གསར་པ་དཔལ་འབར་ཁང་དང་། འཕེལ་རྒྱས་ཁང་གཉིས་རིམ་པར་དབུ་འབྱེད་དང་གཟིགས་སྐོར་གནང་སོང་། སྐབས་དེར་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས་གཙོས་པའི་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་བཅས་ཕེབས་ཡོད།།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ ཐོག་གཏན་འབེབས་གནང་བའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེ...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༣༡ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་གཏན་འབེབས་གནང་བའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་གནང་སོང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བཅས་ཀྱི་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་ཡོད་ཅེས་དང་། དེ་ཡང་དེ་སྔ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་སུ་ཚོགས་ཆུང་བཙུགས་པ་དེ་འདྲ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཚོགས་ཆུང་ཐེངས་གསུམ་པ་དེ་ཆགས་ཡོད་པ་འགྲེལ་བརྗོད་གནང་། ཁོང་གིས་རང་བཙན་ཡོད་པའི་རྒྱལ་ཁབ་ཆ་ཚང་ལ་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་ཡོད་པ་དང་། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ཐོག་ནས་གཏན་འབེབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་བར་སྤྱི་ཚོགས་ནང་བོད་ཀྱི་རྒྱལ་དར་གྱི་མཚོན་མདོག་དང་ཚད་གཞི་སྣ་ཚོགས་བེད་སྤྱོད་བྱེད་བཞིན་པས་རྒྱལ་དར་གཅིག་གྱུར་མེད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་འབྲེལ་ཐོག་གཏན་འབེབས་གནང་ཐུབ་པ་དེས་ཕྱི་ཟླ་ལྔ་པ་ནས་བཟུང་གཅིག་གྱུར་བེད་སྤྱོད་བྱ་རྒྱུ་ཡིན་པ་གསུངས། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སྟེང་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུའི་པར་རིས་དང་ཚད་གཞི་བཅས་པ་འཇོག་རྒྱུ་ཡིན་པ་དང་། མི་མང་ཚོས་འདིར་གཞི་རྩར་བཞག་སྟེ་ཕབ་ལེན་གྱིས་བེད་སྤྱོད་གཏོང་དགོས་པའི་སྐུལ་མ་གནང་། ལྷག་པར་དུ་དེ་ཁྲིམས་སྒྲིག་གི་ངོ་བོའི་ཐོག་ནས་གཏན་འབེབས་གནང་ཡོད་པས་བོད་མི་ཚང་མས་བརྩི་སྲུང་བྱེད་དགོས་ཀྱི་ཡོད་ཅེས་གསུངས།།

དཔལ་ས་སྐྱ་ཁྲི་འཛིན་ ༤༣ ཛྙཱན་བཛྲ་རིན་པོ་མཆོག་གིས་ཁེན་བྷེ་རར་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས ༢༩ ཉིན་ཁེན་བྷེ་རར་གསར་བཞེངས་གནང་བའི་དཔལ་ས་སྐྱའི་ཞི་བདེའི་གཙུག་ལག་ཁང་ (Sakya Peace Temple) དུ་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་གིས་ས་གནས་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་གནང་ཡོད། དེ་ཡང་སྐབས་དེར་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་གིས་མི་ལུས་རིན་ཆེན་སྐོར་བཀའ་སློབ་གནང་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ནང་པའི་བླ་ཆེན་རྣམས་ཀྱིས་བཀའ་སློབ་ལམ་སྟོན་བཞིན་བྱམས་སྙིང་རྗེ་དང་། བཟང་སྤྱོད་སྒོམ་པའི་ཐོག་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱེལ་དགོས་པ་གསུངས། དེ་ནས་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ཕྱོགས་ཀྱི་ལམ་སྲོལ་བཅས་སྲུང་སྐྱོབ་དགོས་གལ་དང་། ཕ་མས་ཕྲུ་གུར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་དགོས་པ། དེ་བཞིན་སྤྱི་ཚོགས་ནང་ཁུལ་ཆིག་སྒྲིལ་དང་། འཆམ་མཐུན་དགོས་པའི་ནན་སྐུལ་གནང་ཡོད།སྐབས་དེར་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་སྐུ་ཚབ་དོན་ཁང་གི་ལས་འགན་དང་བྱེད་སྒོ་ཁག་ངོ་སྤྲོད་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་གིས་བདུན་གཅིག་རིང་ཞི་བདེ་དགོན་དུ་བཀའ་སློབ་དང་རྗེས་གནང་བཀའ་དྲིན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་གཡུ་རྒྱལ་ལགས་ཀྱིས་ཚོགས་པའི་ལས་གཞི་སྤེལ་བ་ཁག་གི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད་པ་བཅས།།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ པའི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༧ ཐོག་ལས་ཉིན་གྲངས་ ༡༣ རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་མཇུག་བསྒྲིལ་གནང་བ་དང་། སྐབས་དེའི་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦་་༢༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྔོན་རྩིས་བཀའ་འཁྲོལ་བསྡོམས་སྒོར་ ༣,༤༠༨,༨༣༦,༣༠༤ སྤྱི་མོས་ཐོག་གཏན་འབེབས་དང་། དེ་བཞིན་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་བཅས་གནང་སོང་།   དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་བརྗོད་པ་གསུམ་པའི་ཐོག ཡིག་ཆ་ཨང་ ༢༨ པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་། ཡིག་ཆ་ཨང་ ༢༩ པ། བོད་ཀྱི་རྒྱལ་དར་དང་།...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱ་ར་མུ་ལེ་ལི་མཆོག་ཀན་ཊར་བྷེ་རིའི་མཆོད་དཔོན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱ་ར་མུ་ལེ་ལི་ (Sarah Mullally) མཆོག་ཀེན་ཊར་བྷ་རི་ (Canterbury) ཡེ་ཤུའི་མཆོད་དཔོན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་ཡོད། དེ་ཡང་འཚམས་འཕྲིན་ནང་འཁོད་དོན། དེང་གི་འཆར་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དེ་ནི་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལ་ཚོད་བགམ་བྱེད་པའི་དུས་སྐབས་ཤིག་ཡིན་ཞེས་དང་། ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་རིན་ཐང་དེ་དག་བསྐྱར་གསོ་དང་མི་མང་ལ་རྒྱ་ཆེ་ས་ནས་དོ་སྣང་ཡོང་བར་བྱ་རྒྱུར་འགན་འཁྲི་དམིགས་བསལ་ཞིག་ཡོད་པ་ཐུགས་ཡིད་ཆེས་ཡོད་པ་བཀའ་སྩལ་བ་མ་ཟད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ནས་བྱམས་བརྩེ་དང་། བཟོད་སེམས། ཚུལ་ཁྲིམས། ཆོག་ཤེས་བཅས་ཀྱི་བསླབ་བྱ་དང་། དེ་དག་ཉམས་ལེན་བྱེད་ཕྱོགས་ལ་ལམ་སྟོན་གནང་གི་ཡོད་པ་དང་། རིན་ཐང་དེ་དག་ནི་ང་ཚོས་འགྲོ་བ་མིའི་ཡོངས་ལ་དོན་སྙིང་ལྡན་པའི་སྒོ་ནས་མཉམ་སྤྱོད་གནང་ཐུབ་རྒྱུ་ཞིག་ཡིན་པ་བཀའ་སྩལ་འདུག དེ་བཞིན་མགོན་པོ་གང་ཉིད་མཆོག་གིས། སྐུ་ཉིད་ཨང་གི་ལི་ཀན་ཡི་ཤུའི་ལྷ་ཁང་ (Anglican Church) གི་བུད་མེད་ཀྱི་དབུ་ཁྲིད་ཐོག་མ་དེ་ཆགས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། བུད་མེད་རྣམས་གཞན་གི་བདེ་དོན་དང་ལྷག་པར་བྱམས་བརྩེའི་ཐོག་སེམས་ཁུར་ཆེ་བ་ཡོད་པ་ཚན་རིག་གི་དཔང་རྟགས་ཡོད་པར་བརྟེན། གལ་ཏེ་འཛམ་གླིང་འདིའི་ཐོག་བུད་མེད་ཀྱི་དབུ་ཁྲིད་མང་དག་གཅིག་འབྱུང་བ་ཡིན་ན། ཕན་ཚུན་བསམ་ཤེས་དང་ཞི་བདེ་ལྔག་ལྷག་ཡོང་རྒྱུའི་ཡིད་ཆེས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། སྐུ་ཉིད་ཀེན་ཊར་བྷ་རི་ (Canterbury) ཡེ་ཤུའི་མཆོད་དཔོན་དུ་བསྐོ་གཞག་བྱུང་བ་ནི་རེ་བའི་སྒྲོན་མེ་ཞིག་ཀྱང་ཡིན། ཞེས་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱ་ར་མུ་ལེ་ལི་མཆོག་ལ་ཐུགས་སྨོན་མཛད་ཡོད་པ་བཅས། །

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་བལེན་དྲ་ཤཱ་མཆོག་ལ་འཚམས་འདྲི་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༨ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གསར་དུ་བདམས་ཐོན་བྱུང་བའི་བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་བལེན་དྲ་ཤཱ་ (Balendra Shah) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད། དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ལམ་ (Gen z) གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་འདིའི་རྗེས་ལོ་ན་ཆུང་ཤོས་ཀྱི་སྲིད་བློན་དུ་བདམས་ཐོན་བྱུང་ཡོད་པ་ནི་བལ་ཡུལ་མི་མང་དང་། ལྷག་པར་བལ་ཡུལ་གྱི་གཞོན་སྐྱེས་ཚོའི་མངོན་འདོད་མཚོན་གྱི་ཡོད། ཅེས་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དང་བལ་ཡུལ་དབར་དུས་རབས་མང་པོའི་རིང་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕྱིས་སུ་བོད་ས་བཙན་བཟུང་བྱས་རྗེས་བོད་མི་རྣམས་བལ་ཡུལ་དུ་བཙན་བྱོལ་དུ་འབྱོར་སྐབས་བོད་མི་རྣམས་ཀྱིས་སོ་སོའི་རིག་གཞུང་ཉར་ཚགས་ཙམ་དུ་མ་ཟད། བལ་ཡུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ལ་ཕན་གྲོགས་བྱེད་ཐུབ་པ་འདིས། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་སྲ་བརྟན་དུ་བཏང་ཡོད། འདི་དག་ནི་གཙོ་བོ་བལ་ཡུལ་གྱི་གཞུང་མང་གཉིས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞེས་གསུངས་ཡོད། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་ཀྱིས་དབུ་ཁྲིད་གནང་བའི་རིང་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག བོད་དང་བལ་ཡུལ་དབར་འབྲེལ་བ་ཇེ་བརྟན་དུ་འགྲོ་བའི་ཐུགས་རེ་དང་། བལ་ཡུལ་རྒྱལ་ཁབ་ཏུ་གང་ཅིའི་ཐད་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་དང་། བཟང་ཕྱོགས་ཀྱི་འགྱུར་བའི་ཕྱོགས་སུ་མདུན་བསྐྱོད་ཐུབ་པའི་སྨོན་འདུན་ཞུས་ཡོད། བལ་ཡུལ་གྱི་སྲིད་བློན་དུ་བདམས་ཐོན་བྱུང་བའི་སྐུ་ཞབས་བལེན་དྲ་ཤཱ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༧ ཉིན་སྲིད་བློན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་པ་བཅས།།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ནས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༥ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་ཆོས་དད་རང་དབང་དང་ཆོས་ལུགས་ཀྱི་དབུ་ཁྲིད་རང་དབང་ཐོག་ངོས་འཛིན་བྱེད་ཆོག་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད། གྲོས་ཆོད་འདིའི་ཐོག་གྲོས་ཚོགས་འཐུས་མི་གཅིག་ནས་ཀྱང་དགག་པ་མེད་པའི་ཐོག་གྲོས་ཚོགས་འཐུས་མི་ ༤༠ ནས་ཚད་མཐོའི་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། འདིའི་བརྒྱུད་རྒྱ་ནག་གིས་ཁྲིམས་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པར་ངོས་ལེན་མེད་པ་གསལ་པོར་མཚོན་གྱི་ཡོད། གྲོས་ཆོད་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་གཙོས་པས་གཞུང་ནས་བོད་མི་རྣམས་ལ་རང་དབང་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། གྲོས་ཆོད་དེ་བཞིན་བོད་ཀྱི་འགོ་ཁྲིད་རྣམས་ནས་ལོ་མང་རིང་རྒྱུན་མཐུད་བོད་དོན་ཞུ་གཏུག་གནང་བ་ལས་བྱུང་བ་ཞིག་ཡིན། དེ་ཡང་ཁོང་རྣམ་པས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་པའི་ཆོས་དང་རིག་གཞུང་ཐོབ་ཐང་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་ཡོད་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བཅས་ཀྱི་འབད་བརྩོན་ལས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན། ཅེཀ་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཇིཊི་ཀ་སེ་ཌི་ལོ་ཝ་ (Jitka Seitlova) མཆོག་གིས་གྲོས་ཆོད་འདི་འཆར་འབུལ་ཞུས་པ་དང་། ཅེཀ་གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ར་བྷ་སི་ (Přemysl Rabas) ལགས་དང་ཇི་རི་རུ་ཛི་ཀ་ (Jiri Ruzicka) ལགས་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་བའི་གྲོས་ཆོད་འདིའི་བརྒྱུད། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་བོད་མི་བར་ཡུན་རིང་གྱི་འབྲེལ་བ་དམ་ཟབ་ཡོད་པ་གསལ་སྟོན་གནང་ཞིང་། གྲོས་ཆོད་ནང་དེ་སྔོན་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་སོ་སོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་ཁག་དྲན་གསོ་ཞུས་འདུག བགྲོ་གླེང་ལས་རིམ་འདི་ཉིད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་ (Jiří...

ཡོངས་ཁྱབ་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཁག་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་འདོན་སྤེལ་བརྒྱུད་བསྒྲགས་ཞུ་མུས་ཀྱང་། བར་ལམ་ནས་རང་རེ་སྤྱི་ཚོགས་ཁྲོད་ལྷིང་འཇགས་ལ་ཕོག་དང་མང་ཚོགས་མགོ་རྨོངས་སུ་འཇུག་རྒྱུའི་དམིགས་ཡུལ་ངེས་ཅན་ཐོག་སྤྱི་ཚོགས་དྲ་ལམ་སྟེང་ཡིག་རྫུན་འགྲེམས་སྤེལ་བྱེད་མཁན་ཡོང་བཞིན་ཡོད་པར་བརྟེན། ད་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་གི་མིང་ཐོག་དོགས་གཞི་ཅན་གྱི་ཡི་གེ་འགྲེམས་སྤེལ་བྱུང་ཚེ། དོགས་འདྲི་བྱ་ཡུལ་འབྲེལ་ཆགས་ལས་ཁུངས་སོ་སོའི་ལས་བྱེད་ཀྱི་མཚན་དང་ཁ་པར་ཨང་གྲངས་ཟུར་ཡོད་ནང་གསལ་འབྲེལ་བ་ཞུ་ཕྱོགས་དགོས་པའི་ཁྱབ་ཁོངས་སོ་སོར་མ་གོ་མ་ཐོས་མེད་པའི་བཀོད་ཁྱབ་ཡོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་༢༠༢༦ ཟླ་ ༣ ཚེས་ ༢༡ ལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་སྐྱིད་ཁག་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཀྱིས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། དེ་ཡང་སྔ་དྲོའི་ཆུ་ཚོད་ ༨།༡༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་ཚོགས་སྐྱིད་ཁག་གསུམ་གྱི་འགོ་བྱེད་ཁག་ནས་སྤོས་སྣེས་མདུན་བསུ་དང་། རྣམ་གྲྭས་སྤྱན་རྒྱ་དང་བཅས་ཕེབས་བསུ་དང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཐུབ་དབང་ལྷ་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ནས་མཇལ་དར་རྐྱང་འབུལ་དང་འབྲེལ་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་སོགས་རིམ་པར་གསུངས་ཏེ་བརྟན་བཞུགས་དབུ་འཛུགས་མཛད།བརྟན་བཞུགས་དངོས་གཞིན་བླ་མ་ལྷར་བསྐྱེད་དང་མཆོད་བསྟོད་ཚེ་འགུགས་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་ཕེབས་པ་དང་། གསོལ་འདེབས་མཎྜལ་སྐབས་སུ་དབུ་བཞུགས་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་མཎྜལ་འདེགས་འབུལ་དང་། བརྟན་བཞུགས་སྦྱིན་བདག་འཐུས་མི་ནས་ཚོམ་བུ་ཟུར་འདེགས་ཞུས་ཤིང་། རྡོར་སློབ་ནས་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ་བཅས་འདེགས་འབུལ་དང་། དེ་ནས་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་བཤད་པ་དང་སྦྲགས་རིམ་བཞིན་འབུལ་ལམ་ཞུས་ཤིང་། བརྟན་བཞུགས་སྦྱིན་བདག་འཐུས་མི་ཁག་གཅིག་གིས་མཇལ་ཁ་ཞུས་ཏེ་འབུལ་དངོས་བསྟར།གཏང་རག་མཎྜལ་སྐབས་བརྟན་བཞུགས་འཐུས་ཚབ་ནས་མཎྜལ་ཚོམ་བུ་དང་རྟེན་གསུམ་འདེགས་འབུལ་གྱིས་སླར་ཡང་འཐུས་མི་ཁག་གཅིག་གིས་མཇལ་ཁ་ཞུས་པ་དང་། མཐར་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་རིས་མེད་བསྟན་རྒྱས་སྨོན་ལམ་སོགས་གསུངས་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། བརྟན་བཞུགས་དང་བསྟུན་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་རྫ་ཆུ་ཁའི་སྐྱིད་སྡུག་གཉིས་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་མཚོན་བྱེད་ཀྱི་གཟེངས་རྟགས་རེ་འབུལ་ལམ་གྱིས་མཚོན་དོན་སྙན་སྒྲོན་ཞུས་ཡོད། །      

སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕ་རན་སི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་དང་མཇལ་འཕྲད་གནང་ཡོད།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༣ ཉིན་སྙན་གྲགས་ཆེ་བའི་ཨ་རབ་འཇིག་རྟེན་ལྟེ་གནས་ཁང་ (Arab World Institute) དུ་བྷི་བྷ་ལོ་སི་ (Byblos) ཞེས་པའི་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་ལྟེ་གནས་ཁང་གི་འགན་འཛིན་ཨན་ཀེ་ལེ་རེ་ལེ་གེ་དྷར་ (Anne-Claire Legendre) ལགས་ཀྱིས་མགྲོན་འབོད་གནང་བ་བཞིན་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་ཕ་རན་སིའི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་ཕེབས་ཞུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་འཛམ་གླིང་ནང་མི་སྡོད་གནས་ཡུན་རིང་ཤོས་ཀྱི་གྲོང་ཁྱེར་རྙིང་ཤོས་ཡིན་པའི་བྷི་བྷ་ལོ་སི་ (Byblos) ཡི་ལོ་རྒྱུས་ཀྱི་ཤུལ་བཞག་དང་། དེ་བཞིན་མེ་ཌི་ཊེ་རཱ་ནི་ཡན་ (Mediterranean) ས་ཁུལ་གྱི་ལོ་རྒྱུས་ནང་གྲོང་ཁྱེར་དེའི་གལ་ཆེའི་འགན་ཁྲིད་ལ་སྲུང་བརྩི་ཞུས་ཡོད།མཛད་སྒོའི་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་མཉམ་ཞུགས་གནང་བ་ཡོད་པ་དང་། འདིའི་བརྒྱུད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སོ་སོའི་རིག་གཞུང་མཚོན་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་མངོན་པ་དང་། དེ་ལྟ་བུའི་འབྲེལ་ལམ་ནི་རིག་གཞུང་གི་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པ་དང་། དེ་བཞིན་ས་ཁུལ་འདྲ་མིན་དང་འབྲེལ་ལམ་བསྐྲུན་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཨན་ཀེ་ལེ་རེ་ལེ་གེ་དྷར་ (Anne-Claire Legendre) ལགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཤུལ་བཞག་འདི་ཉིད་གཏོར་བཤིག་མ་འགྲོ་བར་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་དང་། ལྷག་པར་ད་ལྟའི་ལེ་བྷེ་ནོན་ (Lebanon) ནང་འགྲོ་བཞིན་པའི་རྩོད་རྙོག་གི་གནས་སྟངས་འོག་རྩ་གཏོར་མ་འགྲོ་བར་སྲུང་སྐྱོབ་བྱེད་དགོས་པའི་སྐོར་ནན་བརྗོད་གནང་ཡོད།  ཕ་རན་སིའི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་གིས་ལེ་བྷ་ནོན་ལ་ཕ་རན་སི་ཡིས་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་གནང་བ་དང་འབྲེལ། ད་ལྟའི་ཆར་བྱུང་བཞིན་པའི་དམག་འཁྲུག་འཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་ཕྱི་འབྲེལ་ཙམ་མ་ཡིན་པར་སྲིད་འཛིན་མཆོག་ནས་འགྲེམས་སྟོན་གྱི་མཚོན་དོན་གལ་ཆེའི་རང་བཞིན་སྐོར་འགྲེལ་བརྗོད་གནང་ཡོད།མཛད་སྒོའི་ཐོག་ཕ་རན་སི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ཇཽ་ནོལ་བྷེ་རོཊ་ (Jean-Noël Barrot) མཆོག་དང་། རིག་གཞུང་བློན་ཆེན་ཁཱ་ཐེ་རིན་པེ་གར་ (Catherine...

ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་ཐུན་མོང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་འཚབ་བསྟན་པའི་ཟུང་འབྲེལ་བསྒྲགས་གཏམ་སྤེལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༧ ཉིན་ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་གྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་ཐུན་མོང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་འཚབ་བསྟན་པའི་ཟུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད། ཟུང་འབྲེལ་བསྒྲགས་གཏམ་དེ་ཡང་ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་གྱི་ཕྱི་སྲིད་དང་བདེ་སྲུང་ལས་ཁུངས་ཀྱི་ཚོགས་འདུ་ (ANZMIN 2+2) ཚོགས་པའི་རྗེས་སུ་གོང་གསལ་རྒྱལ་ཁབ་གཉིས་ཀྱིས་བོད་ནང་དུ་ཆོས་ལུགས་དང་། རིག་གཞུང་། ཤེས་ཡོན། སྐད་ཡིག་བཅས་ཀྱི་རང་དབང་དང་ཐོབ་ཐང་རྡོག་རོལ་གཏོང་གཞིན་པར་སེམས་འཚབ་བསྟན་པའི་བསྒྲགས་གཏམ་སྤེལ་ཡོད། ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་གཉིས་ཀྱིས་བོད་ཀྱི་གནད་དོན་དེ་བཞིན་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སྟེ་རིག་གཞུང་དང་ཆོས་ལུགས་འདྲ་མིན་སྲུང་སྐྱོབ་དགོས་གལ་ཡིན་པ་ནན་བརྗོད་གནང་ཡོད། བསྒྲགས་གཏམ་དེ་ནི་རྒྱལ་སྤྱིའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཞིབ་བཤེར་གནང་བཞིན་པའི་དུས་སྐབས་སུ་སྤེལ་བ་ཞིག་དང་། དེར་ཡུ་རོབ་མཐུན་ཚོགས་དང་ཨ་རི་སྲིད་གཞུང་གཉིས་ནས་ཀྱང་ཉེ་ཆར་དེ་མཚུངས་ཐུགས་འཚབ་བསྟན་ཡོད། (ANZMIN 2+2) ཚོགས་འདུ་དེ་ཡང་ཕྱི་ལོ་ ༢༠༢༦ ལོར་ཁེན་སྦེ་རར་ཚོགས་ཡོད་ཅིང་། སྐབས་དེར་ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་ཕེབས་ཏེ་རྒྱལ་ཁབ་ཀྱི་ཐབས་བྱུས་དང་། བདེ་འཇགས། ཕྱི་འབྲེལ་སྲིད་བྱུས་བཅས་ཀྱི་ཐོག་གྲོས་མོལ་གནང་ཡོད།།

དབུས་འོས་བསྡུ་ལས་ཁང་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོའི་འོས་དམིགས་ཀྱི་གསལ་བསྒྲགས་སྤེལ་བ།

༄༅། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥་་་༢༠༢༦ ལོའི་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་གཏན་འབེབས་གསལ་བསྒྲགས་དང་ལམ་སྟོན་ཁག་གཅིག་གི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་ཆུ་ཚོད་ ༡༡ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས། དྲུང་ཆེ་བློ་བཟང་ཆོས་གྲགས་ལགས། དྲུང་འཕར་བསྟན་འཛིན་ནོར་བུ་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་ཅག་བོད་མི་རྣམས་ལ་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་ཆེ་བ་བཞིན། འདི་ལོ་འཛམ་གླིང་རྒྱལ་ཁབ་གྲངས་ ༢༧ ནང་ཕྱི་ལོ་ ༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ལེགས་བསྒྲུབས་ཀྱིས་སྔོན་འགྲོའི་འོས་དམིགས་གསལ་བསྒྲགས་ཞུས་ཟིན་པ་བཞིན། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩  ནང་གསལ་ས་གནས་སོ་སོར་སྔོན་འགྲོ་འོས་གཞིའི་གསལ་བསྒྲགས་གཏོང་ཚེས་དང་དངོས་གཞིའི་འོས་དམིགས་གསལ་བསྒྲགས་མ་བྱས་བར་སྒྲིག་གསལ་ཉིན་གྲངས་ ༣༠ འཇོག་དགོས་རྒྱུ་དང་། དུས་ཡུན་དེའི་རིང་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་སུ་འོས་གཞིར་ཞུགས་མཁན་རྣམས་ཀྱི་ལོ་རྒྱུས་དང་། འདྲ་པར་རེ་བསྡུ་ལེན་གྱིས་དབུས་འོས་བསྡུ་ལས་ཁང་དུ་འབུལ་འབྱོར་དང་། འོས་གཞིར་ཞུགས་འདུན་མེད་རིགས་ནས་དགོངས་ཞུ་འབུལ་རྒྱུའི་དུས་ཚོད། དེ་བཞིན་འོས་གཞི་རྣམ་པའི་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད།  དགོངས་ཞུའི་རིགས་བཅས་གྲུབ་རྗེས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱེད་དགོས་ཞེས་གསལ་བ་ལྟར། དེ་རིང་གསར་འགོད་གསལ་བསྒྲགས་འདི་བརྒྱུད་ཐོབ་ཁུངས་སོ་སོའི་དངོས་གཞིའི་འོས་དམིགས་གཏན་འབེབས་གསལ་བསྒྲགས་དང་ལམ་སྟོན་ཁག་ཅིག་ཞུ་རྒྱུ་གཤམ་གསལ། ༡།      འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩...

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་དབུ་འཛུགས་གནང་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ལས་ཉིན་གྲངས་བཅུ་གསུམ་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་དབུ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་༧སྐུའི་གཅུང་པོ་སྤྱི་ཟུར་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་རྗེས། ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་། དེ་རིང་ལས་རིམ་དྲུག་པར་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦་་་༢༧ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་བ་དང་། དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་རྩིས་ལོ་ ༢༠༢༦་་་༢༧ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་། དེ་རྗེས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་ཀྱི་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། ད་ལོའི་ཨ་རིའི་སྔོན་རྩིས་ཀྱི་གཏོང་ལེན་ཁྲིམས་ཡིག་ནང་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཚིག་བརྗོད་གསར་འཇུག་གནང་ཡོད་པར་བསྔགས་བརྗོད་དང་། དེ་བཞིན་ཨ་རིའི་རོགས་དངུལ་གྱི་གནས་བབས་སྐོར་དང་། སྔོན་རྩིས་འཆར་འབུལ་ནང་འགྲོ་གྲོན་གཏོང་ཕྱོགས་སྐོར་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་བགྲོ་གླེང་གནང་སོང་། ཐེངས་འདིའི་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༦་་་༢༧...

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཚོགས་འདུ་དབུ་འཛ...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ལས་ཉིན་བཅུ་གསུམ་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་གཅིག་པ་གཟབ་རྒྱས་ངང་དབུ་འཛུགས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལ་ཚོགས་གཙོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་གཅིག་དང་། དེ་རིང་ང་ཚོའི་གྲོས་ཚོགས་འདི་དབུ་འཛུགས་ཞུ་ཡི་ཡོད་རེད། སྤྱིར་བཏང་ང་ཚོས་ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་ཚོགས་ཀྱི་ཡོད་རེད།ཕྱི་ཟླ་ ༣ པའི་གྲོས་ཚོགས་དེ་སྔོན་རྩིས་གྲོས་ཚོགས་དང་། དེ་ག་ནང་བཞིན་ཕྱི་ཟླ་ ༩ པའི་གྲོས་ཚོགས་དེ་ཡོངས་གྲགས་ཀྱིས་ལས་བསྡོམས་གྲོས་ཚོགས་ཞེས་ཚོགས་ཀྱི་ཡོད་རེད། དེ་རིང་ང་ཚོའི་སྔོན་རྩིས་གྲོས་ཚོགས་ཆགས་བསྡད་ཡོད་རེད། ང་ཚོའི་སྔོན་རྩིས་གྲོས་ཚོགས་འཚོགས་རྒྱུ་དེ་འཆར་ཅན་ལྟར་ཕྱི་ཟླ་ ༣ པ་འཁེལ་གྱི་ཡོད་རེད། ཕྱི་ཟླ་ ༣ པ་དེ་ང་ཚོོར་དམིགས་བསལ་གྱི་ཟླ་བ་ཞིག་ཆགས་བསྡད་ཡོད་རེད། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུའི་དུས་དྲན་དུས་ཚོད་དེ་འཁེལ་བསྡད་ཡོད་རེད། དེ་ག་ནང་བཞིན་བོད་ནང་དུ་ཡིན་ནའང་རྒྱ་མིའི་གཞུང་གིས་དམིགས་བསལ་དམ་དྲག་ཤུགས་ཆེན་པོ་བྱས་སའི་ཟླ་བ་དེ་ཆགས་ཀྱི་ཡོད་རེད།...

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༣ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་རྡ་རམ་ས་ལ་མེག་གྷན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་གནང་སོང་། སྐབས་དེའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག གཞན་སྐུ་མགྲོན་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ཨ་ནནྜ་ཀཱུ་མཱར་ (Dr. Anand Kumar) ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཟུང་སྦྲེལ་འབྲེལ་མཐུད་པ་སྐུ་ཞབས་སུ་རི་དྷར་ཀུ་མར་ (Surendhar Kumar) ལགས། རྒྱ་གར་ས་ཁུལ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་ ༢༣༠ ཙམ་ཕེབས་འདུགམཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་རྣམ་པས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བ་རྣམས་ང་ཚོས་ཧ་ཅང་གི་གལ་ཆེན་པོར་བརྩི་བཞིན་ཡོད་པས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཆགས་ཡོད།  བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་དུ་མའི་རིང་ནས་ཆོས་དང་། རིག་གཞུང་གི་འབྲེལ་བ་ཟབ་མོ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཆགས་ཡོད་ཅིང་། ང་ཚོའི་ནང་ཆོས་དང་རིག་གཞུང་གི་འབྱུང་ཁུངས་འདྲ་པོ་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཆགས་ཀྱི་ཡོད་པས། དུས་རྒྱུན་ང་ཚོས་རྒྱ་གར་ལ་ “འཕགས་པའི་ཡུལ་” ཞེས་གུས་བརྩི་ཆེན་པོས་འབོད་བཞིན་ཡོད།ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས།...

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དམིགས་བསལ་སྐུ་མ...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༣ ཉིན་དྷ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་གནང་བའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢། ༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག སྐུ་མགྲོན་གཞན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ས་གནས་འབྲེལ་མཐུད་པ་སྐུ་ཞབས་ཨ་མིཏ་ཇྱོ་ཏི་ཀར་ལགས། སྐུ་ཞབས་ཨ་ནནྜ་ཀུ་མཱར་ལགས་གཙོས་པའི་རྒྱལ་ཡོངས་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་ཁྱོན་བསྡོམས་མི་གྲངས་ ༢༣༠ ཙམ་ལྷན་འཛོམས་ཀྱི་མཛད་སྒོ་དབུ་འཛུགས་གནང་ཡོད།སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་སུ་རེན་དྲ་ཀུ་མཱར་ལགས་ཀྱིས་མཇུག་བསྡོམས་མཛད་སྒོ་གཙོ་སྐྱོང་གནང་ཞིང་། དང་ཐོག་ས་གནས་འབྲེལ་མཐུད་པ་སྐུ་ཞབས་ཨ་མིཏ་ཇྱོ་ཏི་ཀར་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་བཀའ་བློན་ནོར་འཛིན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཞུས་པ་དང་། ཚོགས་པ་དེ་ཉིད་ཀྱིས་ཕྱི་དྲིལ་ལས་ཁུངས་དང་ཟུང་འབྲེལ་ཐོག་ཉེ་ཆར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།དེ་ནས་ཕྱི་དྲིལ་བཀའ་བློན་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་གར་གཞུང་མང་གཉིས་ནས་༸གོང་ས་མཆོག་དང་། བོད་མི་རྣམས་ལ་སྣེ་ལེན་དང་རྒྱབ་སྐྱོར་གནང་ཡོད་པ་དང་། རྒྱ་གར་ནི་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པར་བརྟེན། བོད་མི་རྣམས་ཀྱིས་བཙན་བྱོལ་དུ་དྲང་བདེན་དང་། རང་དབང་། འདྲ་མཉམ་བཅས་ཀྱི་རིན་ཐང་ལྡན་པའི་མང་གཙོའི་གཞུང་ཞིག་བཙུགས་ཐུབ་ཡོད་པ་མ་ཟད། རྒྱ་གར་གྱིས་ལོ་ངོ་བཅུ་ཕྲག་བདུན་ཙམ་རིང་བོད་མི་རྣམས་ལ་བྱམས་བརྩེ་དང་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།དེ་བཞིན་རྒྱ་ནག་གིས་བོད་ནང་རིག་གཞུང་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་བར་གྲོས་མོལ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་མིའི་ཆེ་མཐོང་དང་རང་དབང་བསྐྱར་གསོ། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་ལ་ངོས་འཛིན་དགོས་ཀྱི་ཡོད་པ་འགྲེལ་བརྗོད་གནང་། བོད་མིའི་སྒྲིག་འཛུགས་ཀྱིས་གྲོས་མོལ་དང་། འཚེ་མེད་ཞི་བ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཙིགས་ཚེར་གྱིས་བོད་རྒྱའི་དཀའ་རྙོག་སེལ་བར་འབད་བརྩོན་གནང་བཞིན་ཡོད་ཅེས་གསུངས།...

ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་ལེགས་སྒྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེ་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་རིས་མེད་དགོན་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁང་ཁག་ ༤༩ ནས་ཚོགས་བཅར་བ་ལྔ་བཅུ་ལྷག་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་འབྲེལ་བའི་ཐོག་དགོན་སྡེ་ཁག་དང་རིག་གཞུང་ལྟེ་གནས་ཁང་ཁག་གི་དཔེ་མཛོད་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་ལས་གཞིའི་གོ་རྟོགས་དང་། ད་བར་སྤེལ་བཞིན་པའི་ལས་གཞི་ཁག་གི་ནང་དཀའ་ངལ་ཇི་ཞིག་བྱུང་མིན་ཐོག་གོ་བསྡུར་ཡོང་སླད་གོ་སྒྲིག་གནང་བ་ཞིག་ཡིན། ཚོགས་འདུའི་ཉིན་གཉིས་པའི་མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཕེབས་བསུ་དང་སྦྲགས་ཚོགས་འདུའི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དེ་བཞིན་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་མང་པོའི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ལས་གཞི་འདི་ནི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས། གཞུང་ལུགས་ཡོངས་སུ་རྫོགས་པ་དེང་རབས་ཀྱི་འཕྲུལ་ཆས་དང་བཅོས་མའི་རིག་རྩལ་བཀོལ་སྤྱོད་བརྒྱུད་དུས་དང་མཐུན་པའི་སྒོ་ནས་བདག་གཉེར་བྱ་རྒྱུ་དང་། མ་འོངས་པར་མི་རབས་གསར་པ་དང་དོན་གཉེར་གནང་མཁན་རྣམས་ལ་མཁོ་སྤྲོད་ཐུབ་རྒྱུའི་དགེ་མཚན་ལྡན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུ་ཙམ་མ་ཡིན་པར་བཀོལ་སྤྱོད་བྱེད་དགོས་པའི་གལ་གནད་དང་། གཞི་རྩའི་ཆ་ནས་ལས་གཞི་དེ་བཞིན་ལོ་གསུམ་ནང་མཇུག་བསྡུ་རྒྱུའི་འཆར་གཞི་ཡོད་ཀྱང་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པར་བརྟེན་ལས་གཞིར་དཀའ་ངལ་ཅུང་ཙམ་ཞིག་འཕྲད་ཡོད་པའི་སྐོར་དང་། ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཨ་རིའི་རོགས་དངུལ་ཕྱེད་ཙམ་བསྐྱར་གསོ་ཐུབ་ཡོད་པ་དང་། འདིའི་བརྒྱུད་ད་ལྟའི་ལས་གཞི་རྣམས་ཚགས་ཚུད་ངང་འགྲོ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་གཞི་འདི་ནི་ཚང་མས་མཉམ་རུབ་ཐོག་སྒྲུབ་དགོས་པ་ཞིག་ཡིན་པར་བརྟེན་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ད་བར་ཕྱག་ལས་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་སླད་མ་འོངས་པར་དེ་མཚུངས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་ལུང་འདྲེན་གྱིས་བོད་སྤྱི་པའི་རྩ་དོན་ནི་ཆབ་སྲིད་ཁོ་ན་མ་ཡིན་པར་བོད་པའི་སྐད་ཡིག་དང་། ལྷག་པར་ནང་ཆོས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཐུབ་པ་ཡིན་ན་བོད་དོན་འཐབ་རྩོད་ཀྱི་ཆ་ཤས་ཤིག་སྒྲུབ་ཀྱི་ཡོད་སྐོར་ཡང་གསུངས་ཡོད། དེ་རྗེས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱི་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་ཡོད། སྤྱིར་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་ཆེན་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ནང་བསྐོང་ཚོགས་ཀྱིས་ཐེངས་འདིའི་ཚོགས་ཆེན་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཚོགས་ཆེན་ཐོག་དཔེ་མཛོད་ཆེད་ལས་མཁས་པའི་གཏམ་བཤད་ཀྱི་ལས་རིམ་དང་། འདས་པའི་ལོ་གཉིས་ཀྱི་རིང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་ཟུང་སྦྲེལ་ཐོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དྲ་ཚིགས་བཟོ་སྐྲུན་གནང་ཡོད་པ་དེ་བཞིན་ཚོགས་བཅར་བ་རྣམས་ལ་སྤྱན་འབུལ་གྱིས་བསམ་ཚུལ་བསྡུ་ལེན། དེ་བཞིན་དགོན་སྡེ་ཁག་གི་ནང་ཡིག་ཆ་བཤེར་འབེབས་ཀྱི་ལས་གཞི་འགྲོ་བཞིན་པའི་གནས་སྟངས་ཇི་ཡིན་སྐོར་བགྲོ་གླེང་གནང་ཡོད་པ་བཅས། །

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མང་མཇལ་སྐབས་མིས་བཟོས་རིག་ནུས་སྐོར་ལ་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་སྐབས་དང་པོའི་མཁན་མོ་བཅུ་དགུས་གཙོས་དད་ལྡན་བཞི་བརྒྱ་སུམ་ཅུ་སྐོར་ལ་མཇལ་ཁའི་སྐབས་སུ་མིས་བཟོས་རིག་ནུས་སྐོར་ལ་བཀའ་སློབ་སྩལ་ཡོད། དེ་ཡང་ཐའེ་ཝན་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་ཞིག་གིས་མིས་བཟོས་རིག་ནུས་སྐོར་ལ་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། གང་ལྟར་འཕྲུལ་ཆས་ལ་འགན་མང་པོ་ཡོད་ཀྱང་། མཐར་ཐུག་མིའི་བསམ་བློར་ཐུག་ཡོད། དེར་བརྟེན་འཕྲུལ་ཆས་ག་ཚོད་ཅིག་ཟབ་པོ་ཡོད་ནའང་མིའི་བསམ་བློ་ཡི་རྗེས་ཟིན་ཐུབ་ཀྱི་མ་རེད། འཕྲུལ་ཆས་ལ་བཟོས་ཟིན་པ་དེ་མ་གཏོགས་ཁ་ཐུག་ཁ་ཐུག་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། མིའི་བསམ་བློ་ནི་ཁ་ཐུག་ཁ་ཐུག་ལ་འགྱུར་ཐུབ་ཀྱི་འདུག དཔེར་ན། ངོས་ཀྱི་བསམ་བློ་འདི་ཁ་ཐུག་ཁ་ཐུག་ལ་འགྱུར་ཡོང་གི་འདུག ཅེས་བཀའ་སྩལ་ཡོད། །

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༢ ཉིན་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྐུ་མགྲོན་གཞན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་པང་ཀཇ་གོ་ཡལ་ (Pankaj Goyal) ལགས། དེ་བཞིན་བཞུགས་བྲལ་དུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ཨ་ནནྜ་ཀུ་མར་ (Anand Kumar) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཟུང་འབྲེལ་ཚོགས་གཞོན་སྐུ་ཞབས་ཨར་ཝིན་ནི་ཀོ་སེ་ (Arvind Nicose) ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཏར་ཏ་རག་ (Tarh Tarak) ལགས་གཙོས་པའི་རྒྱ་གར་ས་ཁུལ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་ ༢༣༠ ཙམ་ཚང་འཛོམས་ཐོག་དབུ་འབྱེད་མཛད་སྒོ་དབུ་འཛུགས་གནང་ཡོད།   ཐོག་མར་ཚང་མས་སྐུ་བཞེངས་ཐོག་རྒྱ་གར་རྒྱལ་ཁབ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང་། རྒྱ་གར་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ཞུས་གྲུབ་རྗེས་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་། མཛད་སྒོ་དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་པཾཀཇ་གོ་ཡལ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད། དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཞིང་། ཐེངས་འདིའི་ཚོགས་འདུའི་དགོས་དམིགས་དང་།...

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཇར་མ་ནཱི་རོགས་ཚོགས་ཀྱི་རྒྱ་གར་ནང་གི་འགན་འཛིན་སྐུ་ཞབས་སི་ཊི་ཕན་སི་ཁོ་ཊི་ལགས་དང་། ལས་གཞི་ལྟ་རྟོག་འགན་འཛིན་རྒན་པ་ནུ་པུ...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཇར་མ་ནཱི་རོགས་ཚོགས་ (FNF) ཀྱི་རྒྱ་གར་ནང་གི་འགན་འཛིན་སྐུ་ཞབས་སི་ཊི་ཕན་ སི་ཁོ་ཊི་ (Stefan Schott, Country Representative of the Friedrich Naumann Foundation) ལགས་དང་།  ལས་གཞི་ལྟ་རྟོག་འགན་འཛིན་རྒན་པ་ལྕམ་སྐུ་ནུ་པུར་ ཧ་སི་ཇཱ་ (Nupur Hasija, Senior Program Manager, FNF South Asia) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་། མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཇར་མན་རོགས་ཚོགས་ (FNF) དབར་ཐོག་མར་འབྲེལ་བ་འགོ་འཛུགས་པ་ནས་བཟུང་ད་བར་ལོ་ངོ་...

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡི་ཛི་ དུ་སེཀ་མཆོག་དང་མཇལ་འཕྲད་གནང་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ པའི་ཚེས་ ༡༡ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡི་ཛི་ དུ་སེཀ་ (Jiri Dusek) ལགས་དང་ལྷན་མཇལ་འཕྲད་གནང་སོང་། མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། བོད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་ཁྱེད་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༧ ཕྱིན་པའི་རིང་རྒྱ་གར་དང་། ཨ་རི། ཡུ་རོབ་སོགས་ནས་བོད་དོན་ཐོག་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་ཅིང་། ལྷག་པར་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་ཆབ་སྲིད་ཐོག་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། ཕྱི་ལོ་ ༡༩༩༠ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་སི་ལབ་ཧཱ་ཝིལ་ (Vaclav Havel)  མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དེ་གའི་སྲིད་འཛིན་གྱི་ཕོ་བྲང་ནང་གཞུང་འབྲེལ་མཇལ་འཕྲད་གནང་བ་དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་ཆེད་མངགས་ལ་དྭགས་སུ་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དེ་ཚོ་ཧ་ཅང་གི་གལ་ཆེན་པོ་ཞིག་དང་། ནམ་ཡང་བརྗེད་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། རྒྱ་གར་ལ་བཙན་བྱོལ་དུ་སླེབས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་།...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༡ ཉིན་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) ལགས་བཅས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་གཙུག་ལག་ཁང་གི་གསུང་ཆོས་ར་བའི་སྡིངས་ཆར་ཆིབས་བསྒྱུར་སྐབས་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག  དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་འཕགས་པ་ཚེ་རིང་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་དོན་རྒྱབ་སྐྱོར་བ་རྣམ་པ་བཅས་ཕེབས་བསུ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་དང་། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཚོགས་མི་བཅོ་ལྔ་ཙམ་གྱིས་མཇལ་ཁ་ཞུས།དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་གུས་འདུད་འཚམས་འདྲི་དང་བཅས། རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉི་ཤུ་རྩ་བཞིའི་ཁྱིམ་ཚང་ཆེན་མོ་དང་། གྲོགས་པོ་མང་པོས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་། སྐུ་གཟུགས་བདེ་ཐང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སྙིང་རྗེ་རྒྱུན་ཆད་མེད་པར་གནས་པའི་གསོལ་འདེབས་ཟབ་མོ་འབུལ་རྒྱུ་ཡིན། ༸གོང་ས་མཆོག་ནི་འགྲོ་བ་མིའི་རིགས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཞིག་ཏུ་གནས་པར་ཤོག ཅེས་དང་། ཕྱི་ལོ་ ༡༩༧༧ ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་བསྡུའི་ནང་རྒྱ་གར་དབུས་གཞུང་གསར་པ་ཞིག་ཆགས་པ་དང་། ང་རང་ལོ་ན་གཞོན་པའི་གྲོས་ཚོགས་འཐུས་མི་ཞིག་ཏུ་འོས་འདེམས་བྱུང་ཡོད། ཕྱི་ལོ་ ༡༩༧༧ ཟླ་བ་ ༣ པའི་ནང་སིམ་ལའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཆ་ཏ་བྷ་དུར་ཅེ་ཏྲི་ལགས་དང་ངེད་གཉིས་ཀྱིས་དྷ་རམ་ས་ལར་༸གོང་ས་མཆོག་མཇལ་ཁ་ཞུ་བའི་གོ་སྐབས་བྱུང་།...

ཨི་ཊ་ལཱི་རྒྱལ་ཁབ་ཀྱི་ཨེ་མི་ལི་ཡ་རོ་མག་ནཱ་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་སེ་པར་མ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ པའི་ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག ཨི་ཊ་ལཱི་རྒྱལ་ཁབ་ཀྱི་ཨེ་མི་ལི་ཡ་ རོ་མག་ནཱ་ (Emilia Romagna) མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་སེ་ པར་མ་ (Alice Parma) ལགས་དང་། སྐུ་ཞབས་ཨོ་སཱ་ནཱ་ མེ་ཊེའོ་ (Osanna Matteo) ལགས་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། བོད་ནང་ལོ་ངོ་བརྒྱ་ཕྲག་གོང་ལ་ཨི་ཊ་ལཱི་ནས་ཡིན་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཁ་ཕོ་ཆིན་ (Capuchin) དང་། རྗེ་སོ་ཊ་ (Jesuit) བོད་ནང་སླེབས་པ་སོགས་ཨི་ཊ་ལཱི་དང་བོད་དབར་བོད་ས་མ་ཤོར་བའི་གོང་ནས་འབྲེལ་བ་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་གྱར་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལཱི་རྒྱལ་ཁབ་ནང་ཐེངས་མང་པོ་ཆིབས་སྒྱུར་བསྐྱངས་པའི་ཐོག་ནས་དེ་གའི་གཞུང་དང་། གྲོས་ཚོགས།...

ཨོ་གླིང་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མ...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་དང་བསྟུན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྦྲེལ་པོ་ལྕམ་སྐུ་ཌེ་བྷོ་རཱ་ ཨོ་ ནིལ་ (Deborah O’Neill) ལགས་ཀྱིས་ཨོ་གླིང་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་འཐུས་མི་རྣམས་མཉམ་འབྲེལ་ཐོག་བོད་ནང་གི་འགྲོ་བ་མིའི་གནས་སྟངས་དང་། བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་ཐུགས་ཁུར་ཇེ་ཆེར་འགྲོ་བཞིན་པ་གསལ་སྟོན་གནང་བའི་གྲོས་འཆར་ཞིག་སྒྲོགས་སྦྱང་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༢༥ ལོར་སྦར་སིལ་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལྷན་ཚོགས་ཐོག་གྲོས་ཚོགས་འཐུས་མི་ཕན་ཚུན་མཉམ་ལས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུར་སྤྱི་མོས་བྱུང་བ་ལྟར། ཐེངས་འདིའི་ཨོ་གླིང་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་འདོན་སྤེལ་གནང་བ་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་ནང་ནས་བོད་དོན་ཐོག་གྲོས་ཚོགས་ནང་གྲོས་ཆོད་འདོན་སྤེལ་གནང་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད། གྲོས་ཆོད་དེར་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ནས་མཉམ་འབྲེལ་ཐོག་རྒྱབ་སྐྱོར་གནང་ཡོད་ཅིང་། འདིའི་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་ཐོག་ཨོ་གླིང་གྲོས་ཚོགས་འཐུས་མི་རྣམས་ནས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད། གྲོས་ཆོད་ཀྱི་ནང་དོན་གཤམ་གསལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པར་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་གང་པོ་འགྲོ་བ་མི་གཅིག་མཚུངས་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་དང་མང་གཙོ་གོང་འཕེལ་བཅས་ཀྱི་སླད་བླ་ན་མ་མཆིས་པའི་མཛད་རྗེས་བསྐྱངས་གནང་མཛད་པར་ཆེ་བསྟོད་ཞུས་ཡོད། དེ་བཞིན་སྲིད་གཞུང་ཁག་ནས་ཆོས་ལུགས་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་དབང་མེད་པ་བསྐྱར་ནན་གནང་ཡོད། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ངོ་བོ་བཅས་པ་རྩ་མེད་གཏོང་བཞིན་པ་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གཞུང་ཐོག་ལངའ་ཐེ་བྱུས་བྱེད་བཞིན་པའི་ཐོག་ཐུགས་འཚབ་བསྟན་ཡོད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཞི་བའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ ཉིན་མོར་སྲུང་བརྩི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༧ དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand)  ལགས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཇི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) ལགས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་ (Hans Gert Pottering)  མཆོག  དམིགས་བསལ་སྐུ་མགྲོན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས།དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བླངས།དེ་རྗེས་ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་གནང་བའི་བོད་ཀྱི་ཕྱི་འབྲེལ་ལོ་རྒྱུས་དང་དེའི་ཐབས་བྱུས་ཀྱི་དོན་ཆེན་ལོ་ཚིགས་རིམ་བྱུང་བཞིན་སྟར་ལ་རྒྱུས་པའི་གཏམ་བྱུ་རུའི་ཕྲེང་བ་ཞེས་པའི་ཕྱག་དེབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་། དེ་ནས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ཀྱིས་རང་བཙན་དང་། ཆེ་མཐོང་། ངོ་བོ། རིག་གཞུང་། ཆོས་བཅས་སྲུང་སྐྱོབ་ཆེད་ནུས་པ་མཉམ་སྤུངས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་སྟེ་བོད་ཀྱི་ལོ་རྒྱུས་ནས་བསུབ་ཐབས་བྱས་ཡོད། རང་གི་ལུས་སྲོག་བློས་བཏང་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུ་ཡི་ཡོད་པ་དང་སྦྲགས། ཁོང་རྣམས་ཀྱི་བློས་གཏོང་དེ་ཆུད་ཟོས་སུ་འགྲོ་མེད་པ་ཞུ་རྒྱུ་ཡིན། ངས་གོ་སྐབས་འདི་བཟུང་སྟེ་འཛམ་གླིང་གི་མི་མང་ལ་དམག་འཁྲུག་གི་ལམ་དེ་དོར་ནས་ཞི་བདེའི་ལམ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས།དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་རི་ཨན་ཇོ་སེ་ཧྥི་ (Brian Joseph) ལགས་དང་། ཨོསྟྲེ་ལི་ཡ་ནས་ཕེབས་པའི་ལྕམ་ཅེང་ལི་ (Cheng Lei) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་པའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ཨི་ཊ་ལི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་སི་པར་མ་...

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་སྐུ་མགྲོན་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་ཇར་མ་ནི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀེལ་བྷི་རན་ཌི་ (Mr. Michael Brand) མཆོག་དང་། ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) མཆོག ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་ (Hans-Gert Pottering) མཆོག ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Vilums) མཆོག་བཅས་ནས་མཛད་སྒོ་གྲུབ་མཚམས་གསར་གསོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྐུ་མགྲོན་རྣམ་པའི་ངོ་སྤྲོད་གནང་གྲུབ་མཚམས་ཇར་མ་ནི་གྲོས་ཚོགས་འཐུས་མི་མེ་ཀེལ་བྷི་ཧན་ཌི་མཆོག་གིས་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་མཚོན་པའི་བྱ་སྤྱོད་གཞན་ཁག་གཅིག་ལག་བསྟར་བྱེད་བཞིན་པ་དག་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གོ་རྟོགས་སྤེལ་དགོས་པའི་གལ་གནད་དང་འབྲེལ་དེ་ལྟར་མུ་མཐུད་གནང་རྒྱུ་ཡིན་པ་དང་། ཁོང་གིས་གལ་སྲིད་ང་ཚོས་མཉམ་རུབ་ཐོག་འཐབ་རྩོད་བྱེད་ཚེ་ཉིན་གཅིག་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་བརྗོད་ཡོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་ཡང་སེམས་ཤུགས་མ་ཆགས་དུས་ཚོད་ཅིག་འཆར་ཡོང་གི་རེད་ཅེས་བཀའ་སྩལ་བ་བཞིན་སེམས་ཤུགས་མ་ཆགས་པར་བོད་དང་འཛམ་གླིང་ཞི་བདེ་སླད་རྒྱུན་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད།དེ་རྗེས་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱེད་བཞིིན་པ་དག་ནི་ནག་ཉེས་ཆེན་པོ་ཞིག་ཡིན་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བྱ་སྤྱོད་དེ་དག་ལ་ངོ་རྒོལ་དང་སྐྱོན་བརྗོད་གནང་དགོས་པ་དང་། དེ་བཞིན་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་སྲིད་བྱུས་གཞན་ཁག་ལ་བསྒྱུར་བཅོས་གཏོང་རྒྱུའི་ཆེད་ཚང་མས་མཉམ་རུབ་ཐོག་འབད་བརྩོན་བྱེད་དགོས་པ་ནི་གལ་ཆེན་པོ་ཡིན་པ་གསུངས་ཡོད། དེ་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་མཆོག་གིས་བོད་མི་མཚོན་པའི་འགྲོ་བ་མི་ཡོངས་ལ་ཆེ་མཐོང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ཡིད་ཆེས་ཡོད་ཅེས་དང་། འགྲོ་བ་མི་སྤྱི་ཡོངས་ཀྱི་ངོ་བོ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པ་དང་། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་ནས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཆེ་མཐོང་དང་ངོ་བོར་བརྩི་བཀུར་བྱེད་དགོས་པ་དང་། འགྲོ་བ་མིའི་ཆེ་མཐོང་དང་། རང་དབང་། མང་གཙོ། ཁྲིམས་ལུགས་དབང་བསྒྱུར་བཅས་སྲུང་སྐྱོབ་བྱེད་རྒྱུ་ནི་ད་ལྟ་དང་མ་འོངས་པར་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་གསུངས་ཡོད།མཐར་ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ཝི་ལམ་སི་མཆོག་གིས་ལ་ཊི་ཝེ་ཡ་དེ་བཞིན་དམར་ཤོག་གཞུང་འོག་ལོ་ངོ་ ༥༠ རིང་གནས་དགོས་བྱུང་ཡོད་ཀྱང་ད་ལྟའི་ཆར་རང་དབང་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་བསོད་ནམས་ཆེན་པོ་ཡིན་ཞེས་དང་།...

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །བོད་རྒྱལ་ཁབ་འདི་སྲིད་པ་ཆགས་པ་ནས་རིམ་པས་ཆབ་སྲིད་དང་། འཛིན་སྐྱོང། ཁྲིམས་ལུགས་བཅས་པ་བོད་མི་རང་གིས་དོ་དམ་སྟངས་འཛིན་བྱས་པ་ལས། གཞན་གྱི་དབང་འོག་ཏུ་ཡེ་ནས་མེད་པའི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང། དེང་རབས་ཡོངས་གྲགས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་འགྲེལ་བརྗོད་དང་མཐུན་ལ། དེང་སང་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོ་ལས་ལྷག་པའི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གཞུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སེར་སྐྱ་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར། མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་འཛུལ་བ་རྒྱ་དམར་གྱི་སྲིད་བྱུས་དང་དྲག་དཔུང་ལ་ངོ་རྒོལ་གྱིས་རང་དབང་སྒེར་ལངས་ཆེན་མོ་ཞིག་བྱས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ནི་བོད་མི་ཡིན་ནོ་ཅོག་གིས་ནམ་ཡང་བརྗེད་ཐབས་མེད་པའི་དུས་ཚིགས་གལ་ཆེན་ཞིག་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། ད་བར་བོད་རྒྱལ་ཁབ་མི་རིགས་རང་དབང་དང་བཅས་པའི་དོན་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམས་དང་། ད་ལྟའང་རྒྱ་དམར་གཞུང་གི་ཁྲིམས་གཅོད་ཀྱིས་མིང་འདོགས་སྣ་ཚོགས་འོག་དཀའ་སྡུག་ཚད་མེད་བསམ་ཡུལ་ལས་འདས་པ་མྱོང་བཞིན་པ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་དང་། རྒྱལ་གཅེས་ལྷག་བསམ་བཅས་པར་བསྔགས་བརྗོད་དང་སྦྲགས་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་རང་ཡུལ་རང་དབང་སླར་གསོའི་རྒྱལ་ཁ་མྱུར་དུ་འཐོབ་ཅིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་གཏན་དུ་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱ་བསྐྱེད་རིང་ལུགས་པའི་བཙན་དབང་འོག་གི་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་ཐོབ་པའི་དུས་དེར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐབས་དེའི་ཆབ་སྲིད་དང་གནས་སྟངས་མང་དག་ཅིག་གི་གོ་སྐབས་བླངས་ཏེ་བོད་ཐོག་དྲག་པོའི་བཙན་འཛུལ་བྱས་མཐར་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་ནས་ད་བར་མི་ལོ་ ༧༧ ལྷག་འགྲོ་བཞིན་པའི་རིང་བོད་མི་ས་ཡ་གཉིས་ལྷག་བརྒལ་བ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་ཤིང་། འཆར་གཞི་དེ་ཉིད་ལག་བསྟར་མྱུར་དུ་གཏོང་ཕྱིར་རྒྱ་དམར་གཞུང་གིས་བོད་ཕྲུག་གྲངས་ལས་འདས་པ་སོ་སོའི་ཕ་མ་དང་རང་ཁྱིམ་ནས་བཙན་གྱིས་འཁྲིད་དེ་བཅའ་སྡོད་སློབ་གྲྭར་འཇུག་རྒྱུའི་ཐབས་ལམ་ངན་པ་དེ་འདྲ་ལག་བསྟར་གྱིས་བོད་ཡུལ་རྒྱ་ཡུལ་ཅན་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། རྒྱ་ནག་གི་འགོ་འཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། མགོ་སྐོར་བསླུ་བྲིད་ཀྱི་རྫུན་གཏམ་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྦས་བྱེད་བཞིན་ཡོད་པ་ནི་སྐྱེ་བོ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།...

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོར་བཀའ་ཤག་གི་གཏམ་བཤད།

༄༅། །དེ་རིང་ནི་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་པོའི་བཙན་འཛུལ་ལ་ངོ་རྒོལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་སྦྱོར་ངན་འགོག་ཆེད། ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་ཞུམ་པ་མེད་པའི་སྒོ་ནས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པས། བཀའ་ཤག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ད་ལྟའང་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་སེམས་ཤུགས་རི་རབ་བཞིན་བརྟན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། མཛད་སྒོ་འདིའི་ཐོག་ང་ཚོ་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་མཁན་སྐུ་མགྲོན་རྣམ་པ་དང་། འཛམ་གླིང་འདིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ལོར་བཀའ་ཤག་གིས་༸རྒྱལ་བའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་ཞུ་བཞིན་པ་འདིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བསྟན་བཅོས་འདི་གོ་ལའི་ཁྱིམ་ཚང་ཆེན་པོར་ཁྱབ་སྤེལ་བརྒྱུད། ང་ཚོས་གར་སྙོབ་ཀྱི་མི་རེ་ངོ་རེའི་སེམས་རྒྱུད་བྱམས་བརྩེས་བརླན་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་ཤེས་རབ་བསྐྱེད་ཅིང་། འགྲོ་བ་མིའི་ཐུན་མོང་གི་མངོན་འདོད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་འབྱུང་ཁམས་དོ་སྙོམས་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་ཞི་བདེ་བག་ཕེབས་ངང་གནས་ཐབས་ཀྱི་གདམ་ངག་གང་ཐུབ་ཅི་ཐུབ་ཀྱིས་ངོ་སྤྲོད་ལ་དམིགས་པ་ཞིག་ཡིན། ང་ཚོས་ཡིད་ཆེས་བློས་འགེལ་བྱེད་ཆོག་པ་ཞིག་ནི། འཇམ་མགོན་མི་ཕམ་གྱི་འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས། བྱམས་པའི་སྟོབས་ནི་སེམས་ཅན་ཀུན་སྐྱོབ་པའི་སྦྱོར་བ་མི་གཏོང་བ་ཞེས་གསུངས་པ་ལྟར། སེམས་ཅན་ཀུན་ལ་ཁྱབ་པའི་བྱམས་པ་དང་། ཐམས་ཅད་ལ་བདེ་བ་སྒྲུབ་པའི་བྱ་བ་བློས་མི་གཏོང་བའི་༸གོང་ས་མཆོག་གི་བྱམས་བརྩེའི་བསྟན་བཅོས་འདིས། ཉོན་མོངས་དུག་གསུམ་གྱིས་མྱོས་པའི་རྒྱ་དམར་གུང་ཁྲན་གཞུང་དང་། དེའི་དབང་འཛིན་པ་རྣམས་ཀྱི་སྡང་དང་གདུག་པའི་བློ་ངན་ཞི་སྟེ་མཛའ་བའི་དཔལ་ལ་སྦྱོར་རྒྱུ་ཡིན་པའང་དུས་ཚོད་སྔ་ཕྱི་ཙམ་ལ་ཐུག་ཡོད། ད་ལྟའི་ཆར། རྒྱ་གཞུང་གིས་ཧན་མི་རིགས་མ་ཡིན་པའི་བོད་མིས་མཚོན་མི་རིགས་ཚང་མ་རྟོག་བཟོ་བྱས་པའི་”ཀྲུང་ཧྭ་མི་རིགས་”ཀྱི་གྲུབ་ཆ་ཡིན་ལུགས་བཙན་འགེལ་གྱིས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་”དགོས་ལུགས་བསྒྲགས་ཏེ། རྒྱལ་ཁབ་ཀྱི་འཕྲུལ་འཁོར་མ་ལག་ཡོངས་རྫོགས་བཀོལ་སྤྱོད་ཀྱིས། བོད་ནང་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་གཏོང་བའི་སྲིད་ཇུས་གཞི་རྒྱ་ཆེ་ཞིང་གཏིང་ཚུགས་པའི་སྒོ་ནས་ལག་བསྟར་བྱེད་བཞིན་པ་སྟེ།  ཀ    བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཚོད་འཛིན་དང་དམར་པོའི་ལྟ་སྤྱོད་ཀྱིས་ཀླད་པ་ཁྲུས་བཤལ་བྱེད་བཞིན་པ་དེར། མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིའི་གཞུང་། ཡུ་རོབ་གྲོས་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཁག་སོགས་ནས་མི་རིགས་བཙན་བསྒྱུར་དང་།...