Beyond the Headline: Historical & Strategic Significance of Reopened India–Tibet Border Trade
འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་ལམ་གསུམ་སྒོ་ཕྱེ་པ་དང་བསྟུན་དེ་དག་གི་ལོ་རྒྱུས་དང་། ཆབ་སྲིད། འཐབ་ཇུས་ཀྱི་གལ་གནད་སྐོར་གླེང་མོལ།
Beyond the Headline: Historical and Strategic Significance of Reopening of Trade Along the India–Tibet Border
ཉེ་ཆར་རྒྱ་དཀར་ནག་གཉིས་དབར་གྱི་ཕན་ཚུན་འབྲེལ་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་པའི་ཁྲོད་ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་གར་འབྲས་ལྗོངས་མངའ་སྡེའི་མཐའ་མཚམས་ས་ཚིགས་སྣ་ཐོད་ལ་དང་། ཨུ་ཏར་ཁནྜ་མངའ་སྡེའི་མཐའ་མཚམས་ས་ཚིགས་ལི་ཕུ་ལ། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ཀི་ནཱོར་རྫོང་གི་སྲིབ་སྐྱིད་ལ་ཚོང་འབྲེལ་ས་ཚིགས་བཅས་ཚོང་ལམ་གསུམ་སྒོ་ཕྱེ་ཡོད་པ་དང་། དེ་ཡང་ལོ་ངོ་དྲུག་གི་རྗེས་སུ་སྒོ་ཕྱེ་པ་ཞིག་ཆགས་ཡོད། གནད་དོན་དེ་དང་འབྲེལ་དེ་རིང་གི་ང་ཚོའི་དམིགས་བསལ་ལས་རིམ་འདིའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་དང་ཧི་མ་ལ་ཡའི་ཉམས་ཞིབ་པ་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་ལྷན་དུ་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་ལམ་དེ་དག་གི་ལོ་རྒྱུས་དང་། ཆབ་སྲིད། འཐབ་ཇུས་ཀྱི་གལ་གནད་སྐོར་གླེང་མོལ་ཞུས་ཡོད།
Amid the recent reopening of three traditional border trade routes between India and China along the India–Tibet border—Lipulekh Pass in Uttarakhand, Shipki La Pass in Himachal Pradesh, and Nathu La Pass in Sikkim—there are renewed efforts to improve ties between the two countries. We sat down with Dr. Tsewang Dorji Jeshong of the Tibet Policy Institute to look beyond the headlines and understand the historical, political and strategic significance of these traditional trade routes, their importance to communities living along the Himalayan border, and what their reopening could mean in the broader context of India-China relations and the India–Tibet frontier.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





