#Explained: Nepal flood- why did China fail to warn?
ཁ་སྔོན་སྤྱི་ཟླ་༨་པའི་ཚེས་༢༦ ཉིན་བོད་དང་བལ་ཡུལ་གྱི་ས་མཚམས་སུ། གློ་བར་དུ་ཆུ་ལོག་དང་ས་རུད་བྱུང་ནས་དེ་རིང་སྤྱི་ཟླ་༩ པའི་ཚེས་༠༡ བར་བལ་ཡུལ་ཕྱོགས་ནས་གནས་ཚུལ་སྤེལ་བར་ལྟར་ན། ་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་༩༠༠་ལྷག་བརྒལ་བཞིན་འདུག་ལ། གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་༤༠༠༠་ལྷག་འཕར་བཞིན་འདུག་ཅིང་། དེའི་ནང་བལ་ཡུལ་གྱི་མི་སེར་ཡིན་པ་༣༥༠༠་ལྷག་དང་ཕྱི་རྒྱལ་མི་སེར་ཡིན་པ་༥༠༠ ལྷག་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གཞུང་གི་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་སྤྱི་ཟླ་༩ པའི་ཚེས་༡ བར་བོད་ཕྱོགས་སུ་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་༡༦ དང་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་ནི་༥༤༦ ཟིན་ཡོད་པའི་བརྗོད་འདུག འོན་ཀྱང་གནད་དོན་དབྱེས་ཞིབ་པ་ཚོས། རྒྱ་ནག་གཞུང་གི་ཐོན་པའི་གྲངས་འཐོར་དེ་རྫུན་པ་ཡིན་པ་བསྒྲགས།





