India’s Independence Day Reminds Tibetans to Continue Their Freedom Struggle

3 hours ago

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི། India’s Independence Day Reminds Tibetans to Continue Their Freedom Struggle དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༥ རྒྱ་གར་རང་བཙན་ཉིན་མོ་འདི་བཞིན། བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཞུས་གནང་སོང་ཞིང་། འདི་ལོ་དེ་སྔ་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་གཞུང་ཞབས་ལས་བྱེད་ཕལ་མོ་ཆེ་མཉམ་བཞུགས་གནང་འདུག དེ་དང་དུས་མཚུངས་སུ། དེ་རིང་གི་མཛད་སྒོ་དང་འབྲེལ་ནས་གསར་འགོད་པ་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་ཡོད། ། The Central Tibetan Administration marked India’s 80th Independence Day on August 15, 2026, at Gangkyi in Dharamsala, with Sikyong Penpa Tsering, his Cabinet and CTA staff in attendance. Addressing the gathering, the Sikyong highlighted India’s support for Tibetans and said the occasion serves as an important reminder for Tibetans to continue carrying forward their struggle for freedom.
Watch on YouTube