Lobga Rangzen’s Family Present Six Demands to UN Representative

3 hours ago

ཕྱི་ཟླ་ ༨ ཚེས་ ༡༢ ཉིན་བློ་དགའ་རང་བཙན་ལགས་ཀྱི་ནང་མི་གཙོས་པའི་བོད་མིའི་སྐུ་ཚབ་ཅིག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་གསལ་སྐུ་ཚབ་ Anne Siyota ལྷན་དུ་དུས་ཡུན་ཆུ་ཚོད་གཅིག་ལྷག་གི་རིང་མཇལ་ཕྲད་གནང་ཡོད། མཇལ་ཕྲད་དེའི་རིང་བློ་དགའ་རང་བཙན་ལགས་ཀྱི་ནང་མིའི་ངོས་ནས་དོན་ཚན་དྲུག་ཅན་གྱི་དགོས་འདུན་ཕྱག་ཡིག་ཅིག་ཕུལ་གནང་ཡོད། དགོས་འདུན་དེའི་ནང་གཙོ་བོ་རྒྱལ་ཚོགས་ཀྱི་ངོས་ནས་བོད་དེ་བཞིན་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དགོས་པ་དང་། རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེ་སྲེག་གནང་སའི་ས་གནས་སུ་ཕེབས་དགོས་པ་སོགས་གསལ་འདུག ། New York, August 12, 2026: A Tibetan delegation, accompanied by family members of late Tibetan independence activist Lobga Rangzen, met UN Human Rights Council Special Representative Anne Siyota for nearly an hour at the United Nations. Led by former TYC President and former Tibetan Parliament-in-Exile member Tsewang Renzin, the delegation presented six demands, urging the UN to recognize Tibet as an independent nation and implement existing UN resolutions on Tibet. They also called for United Nation pressure on China to end colonial-style boarding schools and the newly implemented Ethnic Unity Law, and requested a UN visit to the site of Lobga Rangzen’s self-immolation.
Original Article