One month after Lobga Rangzen’s self-immolation: 170 coffins carried to the UN
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་སྟེ། དེ་རིང་ཕྱི་ཟླ་ ༨ ཚེས་ ༢ ཉིན་ཟླ་བ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་དང་བསྟུན། ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ད་བར་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་རྣམ་པར་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་སླད། ཇེག་སོན་ཧཡིཊནས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་བར་དུ་སྤུར་སྒམ་ ༡༧༠ གདན་ཞུའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སོང་།





