Tibet Human Rights Concerns Raised Ahead of Xi’s Washington Visit

2 hours ago

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་མ་འབྱོར་གོང་དུ། ཨ་རིའི་གྲོས་ཚོགས་འཐུས་མི་ རོ་ ཁ་ན་ དང་ ཇིམ་ མེག་གྷ་ཝེན་ རྣམ་གཉིས་ཀྱི་སྣེ་ཁྲིད་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་གནང་འདུག་ཅིང་། དེའི་ཐོག་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་ཚོགས་གཙོ་དཔལ་ལྡན་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་འདྲེས་སྒྱུར་དང་། བཅའ་སྡོད་སློབ་གྲྭའི་ལམ་ལུགས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་སོགས་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཞིབ་འགྲེལ་གནང་ཡོད་འདུག་ལ། དེ་བཞིན་ཁོང་གིས་ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་གཏན་འབེབས་ཡོང་བ་དང་། སྲིད་འཛིན་ ཀྲོམ་ (Trump) མཆོག་ནས་ཞི་ཅིན་ཕིང་དང་མཇལ་འཕྲད་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱའི་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག །
Watch on YouTube