Tibetan Group Begins 215-Km Peace March from Bandipur to Bengaluru

3 hours ago

Five Tibetan volunteers have begun a 215-kilometre peace march from Bandipur to Bangalore in Karnataka, raising awareness of the Tibetan cause and protesting China’s Ethnic Unity Law. The march began on 15 August, with the volunteers walking more than 40 kilometres a day as they make their way towards Bengaluru. Organisers say the march has three main aims: to express solidarity with the late Tibetan independence activist Lobga Rangzen, raise awareness among the Indian public about Tibet and the situation facing Tibetans, and protest China’s Ethnic Unity Law, which they say affects Tibet’s cultural and national identity. ཀར་ན་ཊ་ཀའི་བྷན་དི་པུར་ནས་སྦེང་ལོར་བར་སྤྱི་ལེ་༢༡༥ཡི་བོད་དོན་ཞི་བའི་གོམ་བགྲོད་ཞིག་ཟླ་༨ ཚེས་༡༥ཉིན་འགོ་བཙུགས་ཤིང་། ལྷོ་ཕྱོགས་ཨོ་ཀྲི་སྐྱེད་ཚལ་གླིང་བོད་རིགས་ཚོང་པ་ཚོགས་པས་གོ་སྒྲིག་བྱས་ཡོད། དང་བླངས་གོམ་བགྲོད་པ་ལྔས་ཉིན་རེར་སྤྱི་ལེ་༤༠ལྷག་གོམ་བགྲོད་བྱས་ཏེ། རང་བཙན་བློ་དགའ་ལགས་ལ་གདུང་སེམས་མཉམ་སྐྱེ་དང་། རྒྱ་གར་མི་མང་ལ་བོད་དོན་གནས་བབ་སྐོར་གོ་རྟོགས། རྒྱ་ནག་གི་མི་རིགས་སྲིད་ཇུས་ལ་ངོ་རྒོལ་བཅས་ཀྱི་དམིགས་ཡུལ་འོག་སྦེང་ལོར་ཕྱོགས་སུ་མུ་མཐུད་བསྐྱོད་བཞིན་ཡོད། གོམ་བགྲོད་པ་ཚོ་ཟླ་༨ ཚེས་༢༠ཉིན་སྦེང་ལོར་དུ་སླེབས་རྗེས། རང་བཙན་བློ་དགའ་ལགས་ཀྱི་དགོངས་རྫོགས་ཞེ་དགུ་མཆོད་འབུལ་དང་སྨོན་ལམ་གྱི་མཛད་སྒོ་སྤེལ་ཏེ་ལས་འགུལ་མཇུག་བསྡུ་རྒྱུ་རེད།
Watch on YouTube