Tibetan Peace Walkers Surpass 200 Miles on Day 6 of Journey to Chicago

17 hours ago

རྒྱལ་གཅེས་དཔའ་བོར་རྗེས་དྲན་དང་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་གོམ་བགྲོད། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག དགུང་གྲངས་ ༨༢ ལ་ཕེབས་པའི་བགྲེས་སོང་རྡོ་རྗེ་རྒྱལ་པོ་ལགས་དང་། མ་ཡོང་ཉི་མ་ལགས། རབ་དགའ་ལགས། བསྟན་འཛིན་ནོར་བུ་ལགས་བཅས་ཀྱིས་སྣེ་ཁྲིད་དེ། ཨ་རིའི་མིན་ནི་སོ་ཊ་ནས་འགོ་བརྩམས་ཏེ། ཅི་ཁཱ་གྷོ་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་བར་སྤྱི་ལེ་ ༦༥༠ ལྷག་གི་ཞི་བའི་གོམ་བགྲོད་ཅིག་གནང་བཞིན་ཡོད། ལས་འགུལ་དེ་བཞིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་ཁོང་འདས་གྲོངས་སུ་གྱུར་ནས་ཞག་ ༤༩ འཁོར་བའི་ཉིན་ཏེ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་མཇུག་བསྡུ་རྒྱུ་ཡིན་པ་རེད། ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི། བློ་དགའ་རང་བཙན་དམ་པའི་ཞལ་ཆེམས་རྣམས་མུ་མཐུད་ཁྱབ་སྤེལ་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ནང་ཆོས་དང་སྐད་ཡིག་ལ་དམ་དྲག་དང་། བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཙན་འཇུག་བྱེད་པ་སོགས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་སྐོར་ལ་གོ་རྟོགས་སྤེལ་རྒྱུ་བཅས་ཡིན་པ་རེད། ། Marking six days on the road, Tibetan activists on a peaceful walk for Tibet have crossed the 200-mile landmark in their journey from Minnesota to Chicago. Led by 82-year-old Dorjee Gyalpo, Mayong Nyima, Rabga, and Tenzin Norbu, the group is carrying forward the final message of late independence activist Lobga Rangzen. Organized by the Minnesota Dokham Chushi Gangdrug chapter, the marchers continue toward the Chinese Consulate in Chicago to protest Chinese oppression in Tibet and push for international action ahead of their planned arrival on August 19, which marks the 49th day of Lobga Rangzen's passing.
Watch on YouTube