TPiE Highlight Day 3 | Members’ Private Resolutions and Bill Amendments
སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དང་བསྐྱར་བཅོས་ཁྲིམས་འཆར།
སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ལས་ཉིན་གཉིས་པའི་ཐོག་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་དང་བསྐྱར་བཅོས་ཁྲིམས་འཆར་གཅིག་བསྣམས་ཕེབས་པའི་ཁྲོད། བོད་རང་བཙན་འཐབས་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེ་ལས་རིམ་ནང་ཚུད་མེད་པ་དང་། མང་གཙོའི་ཀ་བ་གསུམ་གྱི་ཞབས་ཞུ་བར་གཏོགས་པ་ཚང་མས་ཕ་སྐད་གཙང་མ་བཀོལ་སྤྱོད་གནང་རྒྱུའི་སྒེར་གྱི་གྲོས་ཆོད་གྲོད་འཆར་སྤྱི་མོས་གཏན་འབེབས་བྱུང་སོང་།
དེ་བཞིན་སྤྱི་འཐུས་རྒྱུན་ལས་གྲུབ་ཆའི་ནང་ཕྱི་རྒྱལ་སྤྱི་འཐུས་གཅིག་དགོས་པའི་བསྐྱར་བཅོས་ཁྲིམས་འཆར་དེར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་སམ་སྤྱི་འཐུས་ ༣༠ ཡི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས་ ༢༣ མ་གཏོགས་རྒྱབ་སྐྱོར་མ་ཐོབ་པར་བརྟེན་མར་ཟགས་སོང་།
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





