༧རྒྱལ་དབང་རྐམ་པ་མཆོག་གིས་དགེ་བཤེས་རིན་ཆེན་དངོས་གྲུབ་མཆོག་དང་འབྲེལ་བའི་གསུང་འཕྲིན།

6 hours ago

རྒྱལ་དབང་མཆོག་ནས་ཉེ་ཆར་དགོངས་པ་རྫོགས་པའི་དགེ་བཤེས་རིན་ཆེན་དངོས་གྲུབ་མཆོག་དང་འབྲེལ་བའི་གསུང་འཕྲིན་ཞིག ། དགེ་བཤེས་མཆོག་ནས་ཕུལ་བའི་གསུང་རྩོམ་མཐའ་མ། རིང་ནས་ཐུགས་ཡིད་འདྲེས་པའི་སྐྱེས་བུ་མཆོག། བསོད་ནམས་བྱེ་བས་བསྐྲུན་པའི་ཀརྨ་པས།། གཞི་ཡི་འཆི་རིམ་ཐིམ་པའི་མགོ་བརྩམས་ཚེ།། གནོད་གཅོད་དབང་གིས་རྣལ་འབྱོར་མི་འཁྲུགས་མཛོད།། རིས་མེད་མདོ་སྔགས་ཆོས་ཚུལ་ཟབ་མོ་ལ།། མི་ཚེ་ཕལ་ཆེར་ཡོལ་བའི་དགེ་བཤེས་ང་།། འཆི་ཚེ་འོད་གསལ་མ་བུའི་དགའ་སྟོན་ཡིས།། ཟུང་འཇུག་གནས་ལུགས་མངོན་དུ་འགྱུར་བར་མཛོད།། ཅི་སྟེ་ད་དུང་གསོན་པའི་སྐབས་མཆིས་ན།། མི་ལོ་ཉི་ཤུ་ཡན་མན་འདྲེས་པ་ལྟར།། བཅོས་ལྷད་མེད་པར་ཁྱེད་ཀྱི་བཀའ་བསྒྲུབ་པར།། བསོད་ནམས་བྱེ་བའི་སྒོ་འཕར་ཕྱེ་ནུས་ཤོག། ཅེས་པ་འདི་ནི་༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་གུས་འབངས་པ་དགེ་བཤེས་ལྷ་རམས་ངག་གི་དབང་ཕྱུག་པས་ཧོང་གི་སྨན་ཁང་ནས་སྐྲན་གྱིས་སྒྱུ་མ་གས་ཚེ་ཐོ་རངས་ཟུང་གཟེར་ཅུང་ཟད་མེད་པའི་སྐབས་ལ་བསྟུན་ཏེ་སྤྱི་ལོ་༢༠༢༦ ལོའི་སྤྱི་ཟླ་༨ པའི་ཚེས་༨ ཉིན་འཕྲལ་མར་བྲིས་ཏེ་ཕུལ།།
Watch on YouTube