བཀའ་སྤྱི་གཉིས་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༠ ཉིན། བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱི་ཞེ་དགུ་དང་བསྟུན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་ཐོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་སོང་།
མཆོད་འབུལ་སྨོན་ལམ་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་བློ་དགའ་རང་བཙན་དམ་པ་ཁོང་ལ་རྗེས་དྲན་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་གནང་སོང་བ་དང་ཆབས་ཅིག རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཞེས་པར་ཡང་ངོ་རྒོལ་གནང་སོང་། །
The Central Tibetan Administration and Tibetan Parliament-in-Exile held a mass prayer service in Dharamsala on August 20, marking the 49th day since the passing of Tibetan independence activist Lobga Rangzen. Senior Tibetan leaders paid tribute to Rangzen and expressed solidarity with his family while strongly protesting China’s recently enacted so-called Ethnic Unity Law.





