བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༨།༠༧ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(Tibetan) August 07, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་རྒྱུའི་བཀའ་བཟང་ཕེབས་པ།
◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་འགོ་འཛུགས་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡོངས་ཁྱབ་འབོད་བསྐུལ་གནང་བ།
◆ དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་མ་ན་ལི་ཁུལ་དང་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་འཚམས་གཟིགས་གནང་བ།
◆ དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ཐོན་རིམ་གཉིས་པ་དབུ་འབྱེེད་གནང་བ།
◆ བོད་ཀྱི་ཟློས་གར་ཚོགས་པ་ནས་བོད་རིགས་ན་གཞོན་རྣམས་ལ་དམིགས་ཏེ་ཟླ་གཅིག་རིང་གོ་སྒྲིག་ཞུས་པའི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་མཇུག་སྒྲིལ་བ།
#dalailama #TibetansforTibet #centraltibetanadministration #tibettv #weeklynews





