བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༨།༢༨ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) August 28, 2026
◆ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མང་སྤྲོ་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚོགས་པ།
◆ དཔལ་ལྡན་སྲིད་སྐྱོང་སྤེན་མཆོག་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་རྒྱ་གར་དབུས་གཞུང་གི་མཐོ་རིམ་བློན་ཆེན་སོགས་དང་མཇལ་འཕྲད་གནང་བ།
◆ བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་དང་། བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ། བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཚོགས་པ།
◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་སྡེ་ར་ལྡུན་བོད་མིའི་ས་གནས་ཁག་ཏུ་འཚམས་གཟིགས།
◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གངས་སྐྱིད་དཔེ་སྟོན་སློབ་གྲྭ་དང་། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་བདེ་ལེགས་སྨན་ཁང་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་འཚམས་གཟིགས་གནང་བ།
◆ གྲོས་ཚོགས་འཐུས་མི་ Dean Smith མཆོག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལག་བསྟར་བྱེད་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་རྒྱལ་སྤྱིའི་ Magnitsky ཁྲིམས་སྒྲིག་ཁྲིམས་གཞིར་བཟུང་ཉེས་ཆད་འགེལ་དགོས་པའི་ནན་བསྐུལ་གནང་བ།
#dalailama#TibetansforTibet #centraltibetanadministration #dailynews #tibettv#weeklynews





