བོད་ཀྱི་ཆབ་དཔལ་རིགས་གསུམ་མཚོན་པའི་བོད་ཀྱི་དུས་སྟོན་དབུ་འབྱེད།

1 hour ago

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ལྡི་ལི་དོན་གཅོད་ཁང་ཟུང་སྦྲེལ་གྱིས། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༣ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་བཅས་མཚོན་པའི་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་ཞེས་པ་ཞིག་དབུ་འཛུགས་གནང་སོང་བ་དང་། དུས་སྟོན་འདིའང་གཙོ་བོ་བོད་ཀྱི་རིག་གཞུང་དང་། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས་སོགས་ངོ་སྤྲོད་བྱ་རྒྱུར་དམིགས་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། དེ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་འགོ་བརྩམས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཞེས་པ་དེ་དག་ལ་དུས་སྟོན་འདི་བརྒྱུད་ནས་གདོང་ལེན་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་གནང་གི་ཡོད་སྐོར་གསུངས་གནང་བྱུང་། །
Watch on YouTube